བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུཌ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2019-10-21 11:30:44

བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུཌ།

—— སྣ་དཀར་རྩེ་རྫོང་སྒ་འདྲ་གྲོང་ཚོའི་མང་ཚོགས་རྣམས་དབུལ་སྐྱོར་གྱི་སྡོད་ཁང་གསར་པར་སྤོས་པ།

ཉེ་ཆར། སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་སྒ་འདྲ་གྲོང་ཚོའི་དུད་ཚང་34ཡི་མང་ཚོགས་121གིས་ལུས་ལ་གཟབ་མཆོར་སྤྲས་ཏེ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན། ས་བབ་མཐོ་བའི་ས་ཁུལ་ནས་ཁ་བྲལ་ཏེ་གོང་དཀར་རྫོང་འཕྲེང་འགོ་ཤང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ་ས་ཚིགས་ཀྱི་སྡོད་ཁང་གསར་པར་སྤོས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྒ་འདྲ་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡན་ཟིན་པ་དང་། དུས་ཡུན་རིང་པོའི་ནང་། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཉུང་ཞིང་། མི་འབོར་དབུལ་པོ་མང་ལ། དཔལ་འབྱོར་གྱི་ཆ་རྐྱེན་ཞན་པོ་ཡོད།

གནས་སྤོ་བའི་ཉིན་དེར། ཞོགས་པའི་ཉི་གཞོན་དང་བསྟུན་ནས་རླངས་འཁོར་40ལས་གྲུབ་པའི་གནས་སྤོ་རུ་ཁག་རྔམ་བརྗིད་ལྡན་པའི་ངང་སྒ་འདྲ་གྲོང་ཚོ་ནས་ཐོན་ཏེ། ཕྱི་དྲོ་གནས་སྤོའི་མང་ཚོགས་སྣ་དཀར་རྩེ་རྫོང་སྲིད་གཞུང་དང་གྲོང་སྡོད་ལས་དོན་རུ་ཁག་གི་འབྲེལ་གཏུག་ཚན་པ་ཀྲུང་གོ་གློག་འཕྲིན་ལྷོ་ཁ་ཡན་ལག་ཀུང་སིའི་སྣེ་ཁྲིད་འོག་གནས་སྤོའི་ས་ཚིགས་ཀྱི་སྡོད་ཁང་གསར་པར་འབྱོར་ནས་དུད་ཚང་34ཡི་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་རེད།

སྡོད་ཁང་གསར་པར་འབྱོར་མ་ཐག་ཡུལ་མི་བྱམས་པ་ཀུན་བཟང་གིས་རང་ཁྱིམ་གྱི་ཐོག་ཁར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བཙུགས་ཤིང་། ཁོང་གིས“ང་རང་རྒྱུན་དུ་ཕྱིར་ལས་མི་བྱེད་པར་འགྲོ་གི་ཡོད། རྒན་རྒོན་དང་ཕྲུ་གུ་ས་བབ་མཐོ་བའི་ས་ཁུལ་དུ་འཚོ་བ་སྐྱེལ་སྐབས་སེམས་ཁྲལ་ཆེན་པོ་བྱེད་དགོས་ཀྱི་འདུག ད་ཆ་འདི་གར་སྤོས་པས་འགྲིམ་འགྲུལ་སྟབས་བདེ་ལ་ཆ་རྐྱེན་ཡང་ཡག་པོ་འདུག་པས་ངའི་སེམས་ཁྲལ་མེད་པར་གྱུར་སོང”ཞེས་བརྗོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།