ཧེ་ལུང་ཅང་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་རུ་ཁག་ལ་2019ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2019-10-21 11:30:42

ཉེ་ཆར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་རུ་ཁག་ལ་2019ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

བོད་དུ་སླེབས་ནས་ལོ་གསུམ་རིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཧེ་ལུང་ཅང་དང་བོད་ལྗོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ཏན་ཏིག་དང་། གཞིས་རྩེ་གྲོང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ། “ཧེ་ལུང་ཅང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”གཙོ་རྐང་དེར་དམ་པོར་དམིགས་ནས་བཞད་མཐོང་སྨོན་དང་། ཁང་དམར། རིན་སྤུངས་བཅས་རྫོང་གསུམ་གྱི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་འཆར་འགོད་དང་ཟུང་འབྲེལ། ཧེ་ལུང་ཅང་གི་ཞིང་ལས་ལག་རྩལ་ཤེས་ལྡན་མི་སྣའི་ལེགས་ཆ་འདོན་སྤེལ་བྱས་ནས་ལུག་མིག་དང་། ཕྱུགས་རྩྭ། ནས་ཐོན་ལས་བཅས་འཕེལ་རྒྱས་མངོན་གསལ་དོད་པོ་བཏང་སྟེ“ལུག་མིག་མེ་ཏོག་དང་། ཕྱུགས་རྩྭ། ནས”བཅས་ཀྱི་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་པ་ཧུར་ཐག་བཏོད་ནས་བོད་སྐྱོར་རྣམ་གྲངས་68འཆར་འགོད་ལག་བསྟར་བྱས་པར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་2.33བཏང་ཡོད་པ་རེད།

ཧེ་ལུང་ཅང་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་གཞིས་རྩེ་ཕ་ཡུལ་གཉིས་པར་བརྩི་རྒྱུ་མཐའ་འཁྱོངས་དང་བོད་རིགས་རྣམས་རང་གི་གཉེན་ཉེར་བརྩིས་ནས་སྤྱི་ཕན་བྱེད་སྒོ་རབ་དང་རིམ་སྤེལ་ཏེ། བློ་གཅིག་སེམས་གཅིག་གིས་ལས་དོན་སྒྲུབ་པ་དང་། བརྩེ་སེམས་ཟབ་མོས་ལེགས་སྐྱེས་འབུལ་བ། དེའི་ཁྲོད་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་དར་སྤེལ་བཏང་བ་རེད། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཕན་ཚུན་སྤེལ་རེས་བྱས་ཏེ“ཧེ་ལུང་ཅང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”མཆོག་ཏུ་འཛིན་པ་དང་། “མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བའི”བླང་བྱ་ལག་བསྟར་ཧུར་ཐག་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། བརྩེ་སེམས་ཟབ་མོས་བོད་སྐྱོར། ཚན་རིག་དང་མཐུན་པའི་བོད་སྐྱོར། གནད་སྨིན་བོད་སྐྱོར་བཅས་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།