བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་2006བོད་དུ་ལས་དོན་སྒྲུབ་པར་སླེབས་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-08-13 17:49:26

ཚེས་30ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་དགའ་བསུ་དང་དགའ་སྐྱེལ་ཞུ་བའི་ཚོགས་ཆེན་འཚོགས་པ་དང་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་2006གིས་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་ཀ་རྩིས་ལེན་ནས་དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་ལས་དོན་བསྒྲུབ་རྒྱུ་རེད།

ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུའུ་ཡིས་འདི་ལོ་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འདེམས་གཏོང་ལས་དོན་སྒྲིག་འཛུགས་བྱས་པ་དང་འདེམས་གཏོང་ལས་འགན་ཁུར་བའི་ཞིང་ཆེན་དང་གྲོང་ཁྱེར་17དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་72 ཀྲུང་དབྱང་ཁེ་ལས་28བཅས་ཀྱིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྱོན་བསྡོམས་2006བོད་དུ་ལས་དོན་སྒྲུབ་པར་འདེམས་གཏོང་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁག་བརྒྱད་པའི་འདེམས་གཏོང་གནས་ཚུལ་དང་བསྡུར་ཚེ། ཁག་གསར་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྤྱི་ཡོངས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་སོང་ནས་མི་གྲངས་445མང་དུ་ཕྱིན་ཡོད། གྲུབ་ཆ་དང་ནུས་པ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་བོད་སྐྱོར་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣའི་བསྡུར་གྲངས་13%མཐོ་རུ་སོང་ཡོད། ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་ཕྱིན་ཏེ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་མཁན་96.66%ཟིན་ནས་བོད་ཀྱི་ལས་དོན་སྒྲུབ་ཐུབ་ཀྱི་ཡོད། དེའི་ནང་ཀྲུང་དབྱང་གི་ཚན་པས་ཁྱོན་བསྡོམས་མི་361འདེམས་གཏོང་བྱས་པ་དང་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཁྱོན་བསྡོམས་མི་གྲངས་1645འདེམས་གཏོང་བྱས་ཡོད། བོད་ལ་སྨན་བཅོས་དང་སློབ་གསོ་སོགས་ཐད་ཀྱི་ཆེད་ལས་ལག་རྩལ་ལྡན་པའི་ཤེས་ལྡན་མི་སྣ་འཕྲལ་མཁོ་ཆེ་བའི་དོན་དངོས་ལ་དམིགས་ཏེ་གནད་འཁེལ་ངང“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་181འདེམས་གཏོང་བྱས་པ་དང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣ་400འདེམས་གཏོང་བྱས་ཡོད།

1994ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“ཆ་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་རེས་སྐོར”བཅས་ཀྱི་བོད་སྐྱོར་ལས་དོན་གྱི་བྱེད་ཕྱོགས་གཏན་འཁེལ་བྱས་པ་དང་འབྲེལ། ཞིང་ཆེན་དང་གྲོང་ཁྱེར་17དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་རྣམ་པ་ཆགས་ཡོད། ལོ་20ལྷག་ཙམ་རིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་ཁག་ནས་ཡིན་པའི་ཕུལ་བྱུང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་རེ་རེས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་ནས་ཁྱིམ་ཆུང་དོར་ཏེ་ཁྱིམ་ཆེན་སྐྱོང་བ་དང་རང་འགན་གཙང་སྒྲུབ་ཀྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།