ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་སྐོར་གྱི་དངོས་བྲིས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-05 11:35:15

QQ截图20190705113307.png

↑འདི་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་གྱིས་སྤོ་བོ་རྫོང་སློབ་འབྲིང་དུ་གཤམ་སྐྱོད་སློབ་ཚན་ཁྲིད་པར་བསྐྱོད་པ།

སློབ་སྐྱོར་ལ་བརྩེ་བ་ཆེན་པོས་གཞོལ་བར་གྲུབ་འབྲས་བཟང་པོ་ཐོབ་པ།

2016ལོར། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།  ཀོང་ཏུང་ཞིང་ཆེན་སློབ་གསོའི་ཁོངས་གཏོགས་ཀྱི་རྐང་འཛིན་པ་ཁག་གཅིག་ལེ་དབར་དྲུག་སྟོང་གི་ལ་ཀླུང་བརྒལ་ཏེ་སྨོན་འདུན་དང་སྦྲགས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲིར་བསྐྱོད་དེ་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་སྐོར་གྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་ཧུར་ཐག་བསྟར་བ་དང་།  སློབ་གསོ་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  བརྩེ་སེམས་ཟབ་མོར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་གཏོད་པ།  ཉིང་ཁྲིའི་སློབ་གསོ་གོང་འཕེལ་མྱུར་པོ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱིས་ཉིང་ཁྲིའི་སློབ་གསོའི་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད།

ཁག་བརྒྱད་པའི་བོད་སྐྱོར་ལས་དོན་འགོ་ཚུགས་པ་ནས་བཟུང་།  ཀོང་ཏུང་ཞིང་ཆེན་གྱིས་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཤིང་།  དེའི་ནང་ནས་2016ལོར་སློབ་གསོའི་བོད་སྐྱོར་ལས་བྱེད་པ་10མངགས་ཏེ་གྲོང་ཁྱེར་དང་རྫོང་སློབ་གསོ་ལུས་རྩལ་ཅུས་དང་གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་ཁག་ཏུ་བསྐྱོད་ནས་ལས་ཀ་བྱས་པ་དང་།  ལོ་དེའི་ཟླ་8པར་སློབ་གསོའི་ཤེས་ལྡན་པ་50བོད་དུ་མངགས་ནས་སློབ་གསོའི་རོགས་སྐྱོར(བརྗེ་རེས་དགེ་རྒན་བསྣན་ན་སྔ་རྗེས་སུ་མི་93བོད་དུ་སླེབས་ཡོད)བྱས་པ་དང་།  2017ལོར“སློབ་ས་མཉམ་སྐྲུན”རྣམ་གྲངས་ལག་བསྟར་བྱས་ཏེ་མཐོ་སློབ་11གིས་སྔ་རྗེས་སུ་ཕུལ་བྱུང་སློབ་ཆེན་སློབ་མ་498ཉིང་ཁྲིར་མངགས་ནས་དངོས་སྦྱོང་གི་སློབ་གསོའི་རོགས་སྐྱོར་བྱས་པ་དང་།  2018ལོར“དགེ་རྒན་ཁྲི་ཡི་བོད་སྐྱོར་འཆར་གཞི”ལག་ལེན་བསྟར་ནས་དགེ་རྒན་20བོད་དུ་བསྐྱོད་པ།  ཀོང་ཏུང་ནང་སའི་བོད་ལྗོངས་འཛིན་གྲྭར་དགེ་རྒན་78སོང་བ་བཅས་རེད།  བསྡོམས་རྩིས་བྱས་པར་གཞིགས་ན། ལོ་3གྱི་རིང་།  ཀོང་ཏུང་གི་བོད་སྐྱོར་ལས་བྱེད་དགེ་རྒན་ཁྱོན་699ཟིན་ཡོད་པ་རེད།

དཔུང་ཁག་འཛུགས་སྐྱོང་བྱས་ནས་སློབ་གསོའི་འཇམ་ཤུགས་ཆེ་རུ་བཏང་བ།

ཚོགས་སྒྲིག་རྣམ་པའི་སློབ་གསོའི་རོགས་སྐྱོར་ལས་དོན་བསྒྲུབས་པ་ནས་བཟུང་།  ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲིའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ནང་དུ་གདན་འདྲེན་པ་དང་ཕྱིར་སྐྱོད་པའི”སློབ་གསོའི་བོད་སྐྱོར་དང་རོགས་སྐྱོར་བྱེད་སྟངས་ཧུར་ཐག་སྤྱད་པ་དང་གནས་སྦྱར་སྦྱོང་བརྡར་དང་ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད།  སློབ་གསོ་སྤེལ་རེས་དང་དགེ་རྒན་གསོ་སྦྱོང་གི་ཐབས་ལམ་ཟམ་མི་ཆད་པར་རྒྱ་བསྐྱེད་ཅིང་།  ལས་སྒྲུབ་ལས་གཏོད་དང་འབད་འབུངས་ཡར་བརྩོན་གྱི་ལས་བྱེད་པའི་གཟུགས་བརྙན་བཟང་པོ་སྔར་བས་བཏོད་པ་དང་སློབ་གྲྭའི་དགེ་རྒན་དཔུང་ཁག་གི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཡོད།  བསྡོམས་རྩིས་བྱས་པར་གཞིགས་ན།  ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་གསོ་སྐྱོང་གསོ་སྦྱོང་དུས་ཡུན་རིང་ཐུང་དང་ཟུང་འབྲེལ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱིས་དགེ་རྒན་ཁྱོན་མི་ཐེངས་3000ལྷག་ཙམ་ལ་གསོ་སྦྱོང་བྱས་པར་འགྲོ་སོང་སྒོར་ཁྲི་1651.12ཟིན་ཡོད།

——  ཀོང་ཏུང་གི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་ཁག་10ཡི་མི་ཐེངས་88སྒྲིག་འཛུགས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དང་།  སྨན་གླིང་རྫོང་། སྤོ་བོ་རྫོང་། རྫ་ཡུལ་རྫོང་།  སྣང་རྫོང་སོགས་ལ་བསྐྱོད་དེ་གཞི་རིམ་དུ་སློབ་གསོ་སྤེལ་བའི་བྱེད་སྒོ་གཉེར་བ་རེད།

——  བོད་དུ་གསོ་སྦྱོང་བྱེད་པར་ཡོང་བའི་ཀོང་ཏུང་གི་ཕུལ་བྱུང་སློབ་གསོ་ཚོགས་པའི་དགེ་རྒན་250ལས་བརྒལ་ཡོད།

——  ཉིང་ཁྲི་གྲོང་ཁྱེར་གྱི་དགེ་འོས་གསོ་སྦྱོང་ཁག་གཅིག་་ཀོང་ཏུང་ཞིང་ཆེན་དགེ་རྒན་གྱི“དགེ་རྒན་སྟོབས་ཆེར་གཏོང་བའི”གསོ་སྦྱོང་རྣམ་གྲངས་ལ་བཅུག་སྟེ་ལོ་ལྟར་ཉིང་ཁྲིར་སློབ་འབྲིང་དང་འབྲིང་རིམ་ལས་རིཌ་སློབ་གྲྭའི་རྐང་འཛིན་དགེ་རྒན་30ནས་40བར་གསོ་སྦྱོང་བྱེད་ཀྱི་ཡོད།

“མཉམ་འདྲེས་གཉིས”ལས་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་བཟང་པོ་བཏོད།

ཚོགས་སྒྲིག་རྣམ་པའི་སློབ་གསོའི“ཚོགས”ནི་ཚོཌ་པར་གོ་ལ་མཐུན་སྒྲིལ་ལ་ཡང་གོ་ཐུབ།  ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་དོ་དམ་ལས་བྱེད་པ་དང་དགེ་རྒན་བོད་དུ་སླེབས་པ་ནས་བཟུང་།  ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་པ་དང་ལས་ཀའི་ཁ་ཕྱོགས་ངོས་འཛིན་ཡང་དག་གིས་ཚན་ཁག་ལ་དམ་འཛིན་དང་།  དཔུང་ཁག་གི་སྣེ་ཁྲིད་པ།  སྟོབས་ཤུཌ་གཅིག་སྒྲིལ་བཅས་བྱས་ནས་ལས་ཀའི་གསར་གཏོད་རང་བཞིན་དང་ལག་བསྟར་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

“བོད་སྐྱོར་ལས་དོན་འགོ་བཙུགས་པ་ནས་བཟུང་།  ང་ཚོས‘མཉམ་འདྲེས་གཉིས’བྱ་རྒྱུ་དེ་ལས་དོན་སྤེལ་བའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ཏེ་གཅིག་ནས་བོད་སྐྱོར་དགེ་རྒན་གྱི་ཏང་ཀྲི་པུའུ་བཙུགས་ནས་ནང་ཁུལ་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་།  གཉིས་ནས‘གཅིག་གཏད་གཅིག’དང་།  ‘གཅིག་དང་ཁ་གཏད་མང་བ’‘མང་བ་དང་ཁ་གཏད་གཅིག’བཅས་ཀྱི་རོགས་སྐྱོར་ལམ་སྲོལ་བཙུགས་ནས་སློབ་གསོའི་བོད་སྐྱོར་ཚོགས་པ་དང་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་ཚོགས་པ་དབར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་ཀོང་ཏུང་ཞིང་ཆེན་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་གཞོན་པ་ཧྥུང་ཁྲེང་ཀྲིས་ངོ་སྤྲོད་བྱས་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན།  ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱིས་རོགས་སྐྱོར་བྱ་ཡུལ་ཆ་37འཛུགས་པ་དང་མཉམ་འདྲེས་བྱས་རྗེས་ཀྱི་དགེ་རྒན་ཚོགས་པ་བོད་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གསོའི་སློབ་ཁྲིད་འགྲན་བསྡུར་ལ་ཞུགས་ནས་བྱ་དགའ་ཁག་300ལྷག་ཙམ་རག་པ་དང་།  རོགས་སྐྱོར་བྱ་ཡུལ་སློབ་གྲྭ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་འབྲིང་ལ“2018ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེའི་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ།  བོད་སྐྱོར་ལས་བྱེད་པ་ཧྥུང་ཁྲེང་ཀྲིར“2018ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

↑འདི་ནི་ཀོང་ཏུང་ཞིང་ཆེན་བོད་སྐྱོར་དགེ་རྒན་གྱིས་སློབ་གྲྭའི་དགེ་རྒན་དང་མཉམ་དུ་འཁྲབ་སྟོན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་བསྐྱར་དུ་ལེན་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།