ན་ཅིང་གྲོང་ཁྱེར་ལི་ཧྲུའེ་ཆུས་ཀྱིས་མལ་གྲོ་གུང་དཀར་རྫོང་ལ་རྣམ་གྲངས་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི་50ཞལ་འདེབས་བརྒྱབ་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2018-11-14 09:40:17

20181114093429.png

ཉེ་ཆར། ནན་ཅིང་གྲོང་ཁྱེར་ལི་ཧྲུའེ་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏུང་ཧའོ་ཡིས་སྣེ་ཁྲིད་པའི་ལི་ཧྲུའེ་ཆུས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་མལ་གྲོ་གུང་དཀར་རྫོང་དུ་རྟོག་ཞིབ་མཛུབ་ཁྲིད་ལས་དོན་སྤེལ་བར་ཡོང་ནས་བོད་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས་པ་དང་འབྲེལ། ས་ཁུལ་གཉིས་ཀྱི་མཉམ་ལས་སྤེལ་རེས་ཟབ་ཏུ་བཏང་ནས་རོགས་སྐྲུན་གྱི་མཛའ་མཐུན་རྒྱུན་གནས་ཡོང་བར་བྱས་པ་མ་ཟད། ལི་ཧྲུའེ་ཆུས་དང་མལ་གྲོ་གུང་དཀར་རྫོང་དབར་གྱི་རོགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུའང་འཚོགས་པ་རེད།

ཚོགས་འདུའི་ཐོག་ནན་ཅིང་གྲོང་ཁྱེར་ལི་ཧྲུའེ་ཆུས་ཀྱིས་མལ་གྲོ་གུང་དཀར་རྫོང་ལ་རྣམ་གྲངས་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི་50ཞལ་འདེབས་བརྒྱབ་པ་དང་། མལ་གྲོ་གུང་དཀར་རྫོང་གིས་ལི་ཧྲུའེ་ཆུས་ལ་འགེལ་རུམ་དྲན་རྟེན་དུ་ཕུལ་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།