ཆེ་དགྲ་ལྷས་ཚོགས་པའི་སྣེ་འཁྲིད་དེ་ནེ་པ་ལར་འཚམས་འདྲི་གནང་རྒྱུ་ཐུགས་གྲ་ལེགས་འགྲིག་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-12-16 11:07:19

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་12ཉིན་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་10པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་འཚམས་འདྲི་གནང་བའི་གྲུབ་འབྲས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་མཚན་རྟགས་བཀོད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་མཉམ་འབྲེལ་གསལ་བསྒྲགས》དོན་འཁྱོལ་བྱ་ཆེད། ནེ་པ་ལའི་ཀན་ཏ་ཅི་ཞིང་ཆེན་གྱི་གདན་ཞུ་བཅས་ལ་དམིགས་ནས་ཟླ་12ཚེས་2ཉིན་ནས་ཚེས་6ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནེ་པ་ལར་འཚམས་འདྲི་གནང་བ་དང་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཙུང་ལི་ཨའོ་ལིས་ཁག་སོ་སོ་དང་མཇལ་འཛོམས་གནང་བ་རེད།

ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོའུ་ཡན་ཆི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

མཇལ་འཛོམས་གནང་སྐབས་པན་ཏ་ལིས་འདི་ལོ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཕུགས་ཀྱི་དམིགས་ཚད་མཉམ་དུ་གཏན་འཁེལ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་བཀོད་པ་བཏོད་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཁྱབ་ཁོངས་མང་པོར་དངོས་སྒྲུབ་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཞོགས་གཉིས་སུ་གནས་ཡོད། རེ་བར་ཀྲུང་གོ་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་དང་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས། ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

ཨའོ་ལིས་ཀྱིས་ཀྲུང་གོ་ནི་ཞི་བདེ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཅིག་ཡིན་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱོགས་སུ་ལངས་ཏེ་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོའི་རྩ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་པ། ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱེད་པ། ཀྲུང་གོ་ཕྱོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། བོད་འབྲེལ་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དང་འབྲེལ་གཏུག་དམ་ཟབ་བཅས་བྱས་ཏེ། ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གཏན་ནས་སྤེལ་དུ་མི་འཇུག་པ་དང་ཀྲུང་ནེའི་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་དང་དུས་བདེ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས་མཇལ་འཛོམས་གནང་སྐབས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྐུ་ཚབ་ཚོགས་པ་ནེ་པ་ལར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་འཚམས་འདྲི་གནང་སྐབས་ཀྱི་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་མཚན་རྟགས་བཀོད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་མཉམ་འབྲེལ་གསལ་བསྒྲགས》ཁྲོད་ཀྱི་བོད་རང་སྐྱོང་ལྗོངས་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ནེ་པ་ལ་དང་ཁྱབ་ཁོངས་ཁག་དབར་གྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ཡིན། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ནེ་པ་ལའི“སྐམ་ས་འབྲེལ་བའི་རྒྱལ་ཁབ”ཀྱི་རྒྱལ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་པུའུ་ཨུད་དང་གཞོགས་འདེགས་ཧུར་ཐག་བྱས་ནས་ནེ་པ་ལ་དང“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་འོག་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཧི་མ་ལ་ཡ་སྒྲོལ་བའི་ལངས་གཟུགས་དྲ་སྦྲེལ་གྱི་དྲ་རྒྱ་སྐྲུན་རྒྱུར་སྐུལ་འདེད་བཏང་ཐོག ནེ་པ་ལ་དང་མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་བཅངས་བཞིན་ཡོད། དུས་མཚུངས་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་འོག་རྒྱལ་ཁབ་པུའུ་ཨུད་དང་གཞོགས་འདེགས་བྱས་ཏེ་ནེ་པ་ལའི་བྱང་རྒྱུད་ས་ཁུལ་གྱི་རོགས་སྐྱོར་ལས་དོན་ཡག་པོ་སྤེལ་ནས་ནེ་པ་དང་རང་རྒྱལ་གྱི་འབྲེལ་མཚམས་ཀྱི་མཐའ་མཚམས་རྫོང་གི་འགྲོ་ལམ་དང་། ཟམ་པ། འགག་སྒོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་འཚོའི་དགོས་མཁོ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། 2020ལོའི་ནེ་པ་ལའི་ཡུལ་སྐོར་ལོ་གོ་སྐབས་སུ་བྱས་ཏེ་ནེ་པ་ལ་དང་རིག་གནས་ཡུལ་སྐོར་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཐོག་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ཡིན། ནེ་པ་ལའི་སྲིད་གཞུང་ཕྱོགས་ཀྱིས་ས་མཚམས་སྒྲོལ་བའི་གཞུང་ལམ་དང་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། འབྲེལ་ཡོད་འགག་སྒོའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ། ཀྲུང་ནེའི་ས་མཚམས་སྒྲོལ་བའི་མཉམ་ལས་ཁུལ་གྱི་འབྲེལ་ཡོད་ལས་དོན་སྤེལ་མགྱོགས་སུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།