རྒྱ་གླིང་དབྱངས་རྟ་སྙན། ཀུན་གྱི་ཡིད་དབང་འཕྲོག

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-12-16 11:06:20

“ང་ལྟ་བུའི་ལུས་སྟོབས་ཆེ་བའི་མི་འདི་རིགས་ལོ་ན་ཆུང་དུས་ངོ་ཚ་སྨིན་པོ་ཡོད་པ་ཁྱེད་ཀྱིས་ཡིད་ཆེས་ཀྱི་མ་རེད”ཅེས་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མི་རིགས་རོལ་ཆ་རུ་ཁག་གི་རུ་དཔོན་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རོལ་ཆ་དཀྲོལ་གཏོང་མཁས་ཅན་སྤེན་པ་བཀྲ་ཤིས་ཀྱིས་དགོད་བྲོ་བྲོའི་ངང་གསར་འགོད་པར་ཆོབ་སྐུལ།

སྤེན་པ་བཀྲ་ཤིས་ཀྱིས་ང་རང་རྒྱ་གླིང་སྦྱངས་ནས་དུས་ཡུན་རིང་པོ་སོང་ཞིང་། རྒྱ་གླིང་སྦྱངས་པ་ལས་ངོ་ཚ་སྨིན་པའི་བུ་ཆུང་ཞིག་ནས་རིམ་གྱིས་བློ་བག་ཡངས་བའི་སྐྱེས་པ་ཞིག་ཏུ་འཚར་ལོངས་བྱུང་ཞེས་གསར་འགོད་པར་བརྗོད། 1985ལོ་ནས་1994ལོའི་བར་གྱི་ལོ་དགུའི་རིང་། སྤེན་པ་བཀྲ་ཤིས་ཀྱིས་ཉིན་ལྟར་སྦྱོང་བ་དང་ཁོང་དུ་ཆུད་པར་བྱས་ཏེ་སླར་ཡང་གསར་རྩོམ་བྱེད་ཀྱི་ཡོད། ཁོང་ལ་མཚོན་ན་རོལ་ཆ་སྦྱོང་བའི་བརྒྱུད་རིམ་ནི་གཞས་ཞབས་བྲོ་སྦྱོང་བ་ལས་དེ་བས་དཀའ་ལས་ཁག་པ་ཡོད། “ང་རང་རྒྱ་གླིང་ལ་ཧ་ཅང་དགའ་པོ་ཡོད། རྒྱ་གླིང་གི་སྒྲ་གསང་པོ་དང་སྤྲོ་སྣང་ལྡན་པ་ཞིག་ཡོད། ཡིན་ནའང་སྦྱོང་བའི་བརྒྱུད་རིམ་དཀའ་ལས་ཧ་ཅང་ཆེ། རྒྱ་གླིང་ནི་ཆེད་ལས་ཤིག་ཁོ་ན་མིན་པར་ངའི་བསམ་འདུན་ཞིག་དེ་བས་ཡིན། ངས་རང་ཉིད་ཀྱིས་སྦྱངས་པ་རྣམས་ལྟད་མོ་བར་དམར་དམར་རྗེན་རྗེན་དུ་དཀྲོལ་ཏེ་མི་དེ་བས་མང་བར་སྤྲོ་སྣང་སྟེར་འདོད་འདུག”ཅེས་བཤད།

སྤེན་པ་བཀྲ་ཤིས་ཀྱིས་རྒྱ་གླིང་ནི་དེ་སྔ་རྒྱ་རིགས་ཀྱི་རོལ་ཆ་ཞིག་ཡིན་ནའང་། ད་ཆ་མི་རིགས་ཁག་གི་འཚོ་བའི་ཁྲོད་རྒྱ་ཁྱབ་འདྲེས་ཡོད། “ང་ནི་ཤུགས་དྲག་ཆེ་ཞིང་ཉམས་དང་ལྡན་པའི་སྒྲ་འདིར་དགའ་པོ་ཡོད། སྤྲོ་སྣང་དོད་པའི་སྒྲ་དབྱངས་འདིས་ངའི་མཛུབ་མོའང་བདེ་ལྕག་འཁྱུག་ཏུ་འགྲོ་ཡི་འདུག”ཅེས་བཤད།

2006ལོའི་ཟླ་5ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱ་གླིང་སྒྱུ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་བཅུག

སྤེན་པ་བཀྲ་ཤིས་ཀྱིས“མི་ཀུན་གྱིས་ཇི་ཙམ་མི་རིགས་ཀྱི་ཡིན་ན་དེ་ཙམ་གྱིས་འཛམ་གླིང་གི་ཁས་ལེན་ཐོབ་ཅེས་ཤོད་ཀྱི་ཡོད། ངས་ནུས་ཤུགས་ཡོད་རྒུས་རྒྱ་གླིང་དཀྲོལ་ཏེ་མི་ཚང་མས་རྒྱ་གླིང་སྒྱུ་རྩལ་གྱི་མཆོར་ཉམས་ཤེས་པར་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

མིག་སྔར། སྤེན་པ་བཀྲ་ཤིས་ཀྱིས་སློབ་མ་7ལ་རྒྱ་གླིང་དཀྲོལ་སྟངས་སློབ་ཀྱི་ཡོད། ཁོང་གིས་རྒྱ་གླིང་རྒྱུན་འཛིན་དང་གོང་འཕེལ་གཏོང་དགོས་ཤིང་། ཕྲུ་གུ་འདི་དག་རྒྱ་གླིང་རོལ་ཆར་དགའ་ལ་སྦྱོང་འདོད་ཀྱང་ཆེན་པོ་འདུག “སྟོབས་ཤུགས་གསར་པ་རྒྱས་པ་ལས་རྒྱུ་གཙང་སྤུས་གཙང་གི་མི་རིགས་རོལ་ཆ་རྒྱ་གླིང་འདི་ཉིད་དེ་བས་དམར་དམར་རྗེན་རྗེན་གྱི་དཀྲོལ་གཏོང་ལ་བརྟེན་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་རྣམས་ཀྲུང་གོ་ནས་ཐོན་ཏེ་འཛམ་གླིང་དུ་དངོས་སུ་དཀྲོལ་ཐུབ་པའི་རེ་བ་མཐོང་གི་འདུག བསམ་འདུན་འདིར་གཅིག་བྱས་ན་དུས་ཚོད་རིང་པོ་འགོར་སྲིད་ནའང་མངོན་འགྱུར་ཐུབ་ངེས་རེད”ཅེས་བཤད་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།