ས་མཐོའི་ས་གཞི་ཆེ་མོར་འབྲས་བཟང་སྨིན།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-12 12:59:39

སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ནི་དཔལ་འབྱོར་བརྟན་དུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན་ལ།  དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད།  2019ལོའི་ཟླ་9པའི་ཟླ་མཇུག་བར།  ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་རའི་བྱེད་པོ་ཁྲི་30.65ཡོད་པ་དེས་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་96.7%བཟུང་ཡོད།  སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་ཉིད་རང་ལྗོངས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད།

ལོ་ངོ་70ཡི་གོང་གི་བོད་དུ།  གྲངས་འབོར་ཉུང་ཤས་ལས་མེད་པའི་ཚོང་དོན་གཙོ་བོ་ཞིང་བྲན་བདག་པོ་དང་། སྐུ་དྲག  མཐོ་རིམ་གྲྭ་བཙུན་བཅས་ཀྱིས་གཙོས་པའི“མངའ་བདག་ཆེན་པོ་གསུམ”གྱིས་སྒེར་འཛིན་བྱས་ཡོད།  1950ལོར། ལྷ་སར་ཚོང་པ་1020ལས་མེད་ཅིང་།  1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ་ཚོང་པ་530མང་དུ་སོང་ཡོད།

1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས།  བོད་ཀྱི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཟམ་མི་ཆད་པར་ཐོན་ནས།  ལོ་གཉིས་ཀྱི་དུས་ཚོད་ལ་ལྷ་ས་ཁོ་ནར་ཚོང་པ་1309ཟིན་གྱི་ཡོད།

2000ལོའི་ལོ་མཇུག་བར།  ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲི་4.23ཟིན་པ་དང་ཁེར་རྐྱང་ཁེ་ལས་677བར་འཕེལ་རྒྱས་སོང་ནས་དམངས་གཉེར་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་20ལྷག་ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་15%བཟུང་བ་དང་།  དམངས་གཉེར་དཔལ་འབྱོར་གྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱིས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་77.46%བཟུང་ནས་དམངས་གཉེར་དཔལ་འབྱོར་ལས་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་ཐོན་པའི་སྐུལ་འདེད་ཀྱི་ནུས་པ་མངོན་གསལ་ཇེ་ཆེར་སོང་ཡོད་པ་རེད།

2005ལོའི་ལོ་མཇུག་བར།  བོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་49.49ཟིན་པ་དང་།  དམངས་ཁྲོད་ཀྱི་མ་རྩའི་མ་འཇོག་ནང་དམངས་གཉེར་ཨར་སྐྲུན་དང་། གཞུང་ལམ་ལས་གྲྭ ཡུལ་སྐོར།  བོད་ལུགས་གསོ་རིག་དང་བོད་སྨན། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས།  ལྗང་མདོག་བཟའ་བཏུང་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།  2006ལོར།  བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱིས་ཁྲལ་འཇལ་ཚད་སྒོར་དུང་ཕྱུར་9.75ཟིན་ནས་ཁྲལ་འཇལ་བསྡུར་ཚད་དེ་གཞུང་ཁོངས་མཉམ་སྡེབ་དཔལ་འབྱོར་ལས་ཐེངས་དང་པོ་བརྒལ་ནས་བོད་ཀྱི་ཁྲལ་འབབ་ཀྱི་58%བཟུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དམངས་གཉེར་དཔལ་འབྱོར་གྱི་གནས་བབ་དང་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་།  དམངས་གཉེར་དཔལ་འབྱོར་གྱི་དཀའ་གནད་སེལ་རྒྱུར་ཐབས་མཆོག་བཏོན་པ།  དམངས་གཉེར་ཁེ་ལས་མཁས་ཅན་ལ“སེམས་རྣལ་རིལ་བུ”སྦྱིན་ནས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་འགན་ལེན་གནང་ཡོད།

2018ལོའི་ཟླ་11ཚེས་1ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་མ་ཟད།  གསུང་བཤད་གལ་ཆེན་ཡང་གནང་སྟེ་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་གྱི་གནས་བབ་དང་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་།  གཞི་རྩའི་དཔལ་འབྱོར་ལམ་ལུགས་དང“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པའི་རང་རེའི་ཏང་གི་ལངས་ཕྱོགས་བརྟན་པོ་གསལ་བར་བསྟན་པ་དང་།  བྱ་ཐབས་ནུས་ལྡན་བཏོན་ཏེ་དམངས་གཉེར་ཁེ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།

སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱིས་ཕྱོགས་མང་པོ་ཞིག་གི་ཐད་གནས་བབ་གལ་ཆེན་བཟུང་ཡོད་ཅིང་།  བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན།  2019ལོའི་ཟླ་9པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཁྲལ་འབབ་བསྡོམས་འབོར་སྒོར་དུང་ཕྱུར་281.29ཟིན་པ་དང་།  སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁྲལ་འབབ་བསྡོམས་འབོར་སྒོར་དུང་ཕྱུར་236.66ཟིན་ནས་བཟུང་ཚད་84%ཡིན་པ་རེད།

དུས་མཚུངས་སུ།  ལྗོངས་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་ཚོགས་མིའི་ཁེ་ལས་5445ཡོད་པ་དང་།  ཚོགས་མིའི་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་161.98ཟིན་གྱི་ཡོད།  ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འཐུས་མིའི་ཁྲོད་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས(རྒྱུན་ལས)ཀྱི་ཨུ་ཡོན་སོགས་འགན་འཁུར་བཞིན་པའི་མི་1816ཡོད་ཅིང་།  ཁོང་ཚོས་ལྷག་བསམ་རྣམ་དག་གིས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་།  ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་སོང་བའི་དོན་དངོས་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་རམ་འདེགས་བྱེད་ཀྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།