ཧོ་ཝུན་ཧའོ་ཡིས་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭར་བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-12 12:59:39

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་7ཉིན་གནས་ཚུལ་འབྱོར་གསལ།  ཚེས་6ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭར་ཕེབས་ནས།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཐེངས་གཉིས་པར་བརྟག་ཞིབ་གནང་བ་རེད།

དགེ་སློབ་ཚོ་དང་སྤེལ་རེས་མཉམ་འགུལ་བྱས་པ་དང་།  གནས་ཚུལ་སྙན་སེང་དང་ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཐེངས་བརྒྱད་པའི་དཔྱད་བརྗོད་གསན་རྗེས་ཧོ་ཝུན་ཧའོ་ཡིས་ཉེན་རྟོག་སློབ་གྲྭའི་བརྗོད་དོན་གཙོ་བོའི་སློབ་གསོར་གདེང་འཇོག་གང་ལེགས་གནང་ཞིང་།  ཁོང་གིས་ཉེན་རྟོག་སློབ་གྲྭས་བསམ་བློར་ཚད་མཐོའི་མཐོང་ཆེན་དང་།  གཞི་རྟེན་སྣ་མང་ཕུན་སུམ་ཚོགས་པ།  ཕན་འབྲས་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཆབ་སྲིད་རང་བཞིན་དང་།  དམིགས་བསལ་རང་བཞིན། མང་ཚོགས་རང་བཞིན། ནན་པོའི་རང་བཞིན།  ཕན་འབྲས་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ཅེས་གསུངས་པ་དང་འབྲེལ།  སློབ་གྲྭའི་དགེ་སློབ་ཡོངས་ལ་དུས་ཡུན་རིང་པོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

ཧོ་ཝུན་ཧའོ་ཡིས་ནན་བཤད་གནང་དོན།  སློབ་སྦྱོང་གཏིང་ཟབ་དང་གོ་བ་ཏན་ཏིག་ལེན་པར་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བརྗོད་དོན་གཙོ་བོའི་སློབ་གསོ་དང་།  མཐའ་སྐྱོང་བོད་བརྟན། མི་རིགས་མཐུན་སྒྲིལ།  སྲིད་ཁྲིམས་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་ནང་དོན་གལ་ཆེན་ཞིག་ལ་བརྩི་བ་དང་།  མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་སློབ་སྦྱོང་ཡག་པོ་དང་།  དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་དགོས་པ་དང་།  གནད་དོན་ལ་ལྟ་ཞིབ་བྱེད་པའི་ཐད་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་དགེ་སློབ་དང་དེ་བཞིན་མི་སྤྱོད་ཚན་པས་ཚུར་ལན་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་།  སློབ་གྲྭ་འཛུགས་སྐྲུན་དང་སློབ་མ་གསོ་སྐྱོང་ལ་དམིགས་ནས་གྲི་དངོ་ནང་ལ་ཕྱོགས་ཕོད་པ་དང་རང་ངོས་གསར་བརྗེ་བྱས་ཏེ་སྤྱི་བདེའི་བྱ་གཞག་ཆེད་ཚད་ལྡན་ཤེས་ལྡན་མི་སྣ་མཁོ་འདོན་བྱེད་དགོས་པ།  དག་ཐེར་དོན་འཁྱོལ་ལ་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་རང་ངོས་སྒྱུར་བཅོས་དང་གཞན་ངོས་སྒྱུར་བཅོས་མཉམ་དུ་དམ་འཛིན་དང་།  སེམས་རྩ་འཁོལ་བའི་ཞབས་ཞུ་དང་དོ་དམ་ནན་པོ་མཉམ་དུ་དམ་འཛིན།  དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་དང་སློབ་ཁྲིད་ཀྱི་འཇོན་ཐང་ལ་མཉམ་དུ་དམ་འཛིན།  མིག་སྔའི་དག་ཐེར་དང་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་མཉམ་དུ་དམ་འཛིན།  ཚན་ཁག་འཛུགས་སྐྱོང་དང་སློབ་གྲྭ་འཛུགས་སྐྲུན་མཉམ་དུ་དམ་འཛིན་བཅས་འགན་ལེན་གྱིས་དུས་མཚམས་རྗེས་མའི་བྱེད་ཐབས་གཙོ་བོ་ཏན་ཏིག་དང་།  ཞིབ་ཚགས།  གཏིང་ཟབ་བཅས་ཡོང་བ་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།