ལྷོ་ཁ་གྲོང་ཁྱེར་གྱིས། ཡར་ལ་ཤམ་ཆུ་རྒྱུག་ཁུལ་སྐོར་བའི་ལམ་ཕྱེད་མར་སུན་ རྒྱང་རྒྱུག་འགྲན་བསྡུར་སྐབས་དང་པོ་གཉེར་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-12 12:59:37

ཡར་ལ་ཤམ་ཆུ་རྒྱུག་ཁུལ་སྐོར་བའི་ལམ་ཕྱེད་མར་སུན་

རྒྱང་རྒྱུག་འགྲན་བསྡུར་སྐབས་དང་པོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ།  ཉེ་ཆར་2019ལོའི་ལྷོ་ཁའི་ཡར་ལ་ཤམ་ཆུ་རྒྱུག་ཁུལ་སྐོར་བའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་སྐབས་དང་པོ་ལྷོ་ཁའི་ལུས་རྩལ་ཐང་དུ་གཉེར་འགོ་ཚུགས་ཤིང་།  ས་ཁུལ་ཁག་དང་ལས་རིགས་ཁག་ནས་ཡོང་བའི་མར་སུན་ལ་དགའ་ཞེན་ཡོད་མཁན་300ལྷག་ཙམ་ད་རེས་ཀྱི་འགྲན་བསྡུར་ལ་ཞུགས་ཡོད།  འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་ཤེས་རབ་ཀྱིས་སྐར་མ་42དང་སྐར་ཆ་17གྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་།  ཚེ་རིང་ལྷ་མོས་སྐར་མ་52དང་སྐར་ཆ་45ཡི་ཐོག་ནས་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།