རང་ལྗོངས་ཀྱིས་ཤང་དང་གྲོང་རྡལ་དབུལ་པོ་ཚང་མར་རང་འགུལ་གནམ་གཤིས་ས་ཚིགས་བསྐྲུན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-12 12:59:36

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་7ཉིན་གནས་ཚུལ་འབྱོར་གསལ།  གསར་འགོད་པར་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར།  ཟླ་6ལྷག་ཙམ་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཉེ་ཆར།  རང་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་490ཚང་མ་བསྐྲུན་ནས་གྲུབ་འབྲས་ཐོབ་པའི་ངང་བེད་སྤྱོད་ཐུབ་པའི་ཁར་དེ་སྔོན་བསྐྲུན་པའི་ཤང་དང་གྲོང་རྡལ་195ཡི་རང་འགུལ་གནམ་གཤིས་ས་ཚིགས་བསྣན་ན་ཁྱོན་685ཟིན་ནས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དབུལ་པོ་ཚང་མར་ཁྱབ་ཡོད་པ་རེད།  དེས་རང་ལྗོངས་ལ་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་ཉུང་བའི་གནས་བབ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་པ་དང་ས་ཁུལ་དབུལ་པོའི་གནམ་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་གི་ནུས་པ་ཆེ་རུ་ཕྱིན་ནས་ཕྱོགས་བསྡུས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

2016ལོ་ཚུན་དུ། ལྗོངས་གནམ་གཤིས་ཅུས་ཀྱིས་གནམ་གཤིས་གནོད་འཚེ་ཐོན་མང་བའི་ཁུལ་དང་།  སྣོད་བཅུད་ཁོར་ཡུག་ཉམས་ཞན་ཁུལ།  དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ཁུལ་བཅས་གཙོ་གནད་དུ་བྱས་ནས།  ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དབུལ་པོ་196ཏུ་རང་འགུལ་གནམ་གཤིས་ས་ཚིགས་བསྐྲུན་པ་རེད།  འདི་ལོའི་ཟླ་ལྔ་པར།  ཕྱོགས་ཡོངས་ནས་དབུལ་སྐྱོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་འཛུགས་སྐྲུན་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་།  མིག་སྔར།  བསྐྲུན་ཟིན་པའི་ཤང་དང་གྲོང་རྡལ་དབུལ་པོའི་རྒྱུ་རྐྱེན་གཙོ་བོ་ལྔ་ལྡན་གྱི་རང་འགུལ་གནམ་གཤིས་ས་ཚིགས་490ཡིས་དྲོད་ཚད་དང་།  བཤེར་ཚད། ཆར་པ་འབབ་ཚད། ལྷགས་ཕྱོགས།  རླུང་གི་མྱུར་ཚད་བཅས་གནམ་གཤིས་ཀྱི་རྒྱུ་རྐྱེན་གཙོ་བོའི་གྲངས་གཞི་འཚོལ་སྡུད་བྱེད་ཐུབ་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།