གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པ་ལྷོ་ཁར་འཁྲབ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-12 12:59:34

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ།  ཚེས་4ཉིན་གྱི་དགོང་མོ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ལེགས་སྐྱེས་འབུལ་བའི་ཕུལ་བྱུང་གི་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པ་ལྷོ་ཁའི་ཡར་ཀླུང་ཟློས་གར་ཁང་དུ་ཆེད་མངགས་འཁྲབ་སྟོན་ཐེངས་དང་པོ་བྱས་པ་རེད།

གཏམ་བརྗོད་ཟློས་གར་དེ་འཁྲབ་སྟོན་པ་ཚོས་བྱང་ཆུབ་པའི་འཁྲབ་རྩལ་དང་དེ་བཞིན་ཕུན་སུམ་ཚོགས་པའི་གར་སྟེགས་ལས་མི་རྣམས་རང་ཉིད་དངོས་སུ་དེའི་ནང་ཞུགས་པ་ལྟར་བྱུང་ཡོད།  ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་འཁྲབ་སྟོན་ལས་མུན་ནག་དང་། གདུག་རྩུབ།  རྗེས་ལུས་བཅས་ཀྱི་བོད་རྙིང་པའི་ཞིང་བྲན་རྣམས་ཀྱི་ཡ་ང་བའི་འཚོ་བ་བསྟན་པ་དང་སྦྲགས།  བདེ་སྐྱིད་ལྡན་པའི་འཚོ་བ་འདི་ལས་སླ་པོར་བྱུང་བ་ཞིག་མིན་པས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པ་གསལ་བཤད་བྱས་ཡོད།

ཁེ་གསུམ་གྲོང་ལྷན་གྱི་གྲོང་མི་ཟླ་བས་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》《ཞིང་བྲན་གྱི་མིག་ཆུ》ཞེས་པ་དང་འདྲ་བར།  དེའི་ནང་བོད་རྙིང་པའི་ཞིང་བྲན་རྣམས་ཀྱི་ཡ་ང་བའི་ལས་དབང་ངོ་མ་མཚོན་པར་བྱས་ཡོད།  དེ་སྔོན་དང་བསྡུར་ན།  ང་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།  དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་སྔར་རྒྱུན་བཞིན་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་།  ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།