ཁྲེན་ཡུང་ཆི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-08 16:43:18

འདི་ག་ཚགས་པར་ཁང་དུ་ལྷ་ས་ཟླ་11ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་པ་རེད།  ཚོགས་འདུའི་ཐོག《ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ལས་དོན་སྒྲིག་སྲོལ》དང་།  《ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ལས་ཀའི་ཞིབ་སྲོལ》  2019ལོའི་ལོ་འཁོར་གྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་གྱི་ཆེད་སྤྱོད་མ་དངུལ་རྣམ་གྲངས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་བ་རེད།

ཁྲེན་ཡུང་ཆིས་མཐུན་སྦྱོར་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་སྤྱི་ཁོག་མཛུབ་སྟོན་དང་།  སྤྱི་འདོམས་མཐུན་སྦྱོར། ལྟ་སྐུལ་དོན་འཁྱོལ་བཅས་ལ་ཤུགས་སྣོན་རྒྱག་པ་དང་།  ཁོངས་མིའི་ཚན་པས་ལས་དོན་སྦྲེལ་མཐུད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ།  བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད།  ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་ཤེས་རིག་གི་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།