བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-08 16:43:18

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ།  ཚེས་5ཉིན་གྱི་སྔ་དྲོར།  ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་རུ་འཚོགས་ཤིང་།  བོད་རང་སྐྱོང་ལྗོངས་ཀྱིས་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ཏེ།  བོད་ཀྱི་ཁེ་ལས་ཀྱི་འཐུས་མི་20ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

སྐབས་འདིའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པས“དུས་རབས་གསར་པར་འབྱུང་འགྱུར་མཉམ་སྤྱོད”བརྗོད་དོན་གཙོ་བོར་བྱས་ཤིང་།  རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་གྱི་ཁེ་ལས་3000ལྷག་ཙམ་སྟོན་ཚོགས་ལ་ཞུགས་པ་དང་།  འགྲེམས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་དང་ཁེ་ལས་ཀྱི་གྲངས་འབོར་སྐབས་དང་པོ་ལས་མང་བ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།