ནང་སའི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་ཐེན་ཅིན་དུ་སྤེལ་འགོ་ཚུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-08 16:43:18

འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར།  གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་།  བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་།  བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་བཅས་ཀྱིས་མཉམ་དུ་གཉེར་བའི“ཕ་ཡུལ་གྱི་འགྱུར་ལྡོག་མྱོང་ཚོར་བྱེད·ཏང་གི་གསུང་སྒྲ་ནན་གྱིས་ཉན”དང་2019ལོའི“ཕུགས་བསམ་ཆེན་པོ་འཆང་།  རླབས་ཆེན་མེས་རྒྱལ་ལ་དགའ།  མཛེས་པའི་བོད་ལྗོངས་སྐྲུན”པའི་ནང་སའི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་ཐེན་ཅིན་ཧུང་ཀོང་སློབ་འབྲིང་དུ་དངོས་སུ་གཉེར་འགོ་ཚུགས་པ་རེད།

བྱེད་སྒོ་སྤེལ་རིང་།  རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་དཔལ་འབྱོར་རིག་པའི་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་བློ་བཟང་དར་རྒྱས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་ངོ་60ཡི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་དང་ཕུལ་བྱུང་གྲུབ་འབྲས་བརྗོད་པ་རེད།  སྡེ་ཚོགས་ཐེན་ཅིན་གྲོང་ཨུད་ཀྱི་རིགས་གཅིག་མཁས་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསལ་འགྲེལ་བྱས་པ་རེད།  “བོད་ལྗོངས་གཞོན་ནུའི་ལྔ་བཞིའི་བྱ་དགའི་གཟེངས་རྟགས”འཐོབ་མཁན་གྱི་འཐུས་མིས་སྔོན་ཐོན་བྱས་རྗེས་བརྗོད་པ་དང་འབད་འཐབ་ཀྱི་བརྒྱུད་རིམ་མཉམ་སྤྱོད་བྱས་པ་རེད།

སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་སྐལ་བཟང་སྒྲོལ་མས་སློབ་མ་རྣམས་ལ《བོད་ལྗོངས་ཀྱི་སྐོར་གླེང་བ》དང《བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ》སོགས་ཀྱི་དཔེ་དེབ་སྤྲད་པ་མ་ཟད།  ནང་སའི་བོད་ལྗོངས་འཛིན་གྲྭའི་ཕྲུ་གུ་ཚོར་ཕ་ཡུལ་གྱི་ཕ་མ་སྤུན་མཆེད་ཚོའི་རེ་བ་དང་མངགས་བཅོལ་ཆུད་མི་ཟ་བ་དང་།  ཆུ་འཐུང་སྐབས་ཆུ་འགོ་དྲན་པ་ལྟར་ཏང་གི་བཀའ་དྲིན་དྲན་པ་དང་།  དུས་ཚོད་ལ་གཅེས་འཛིན་བྱེད་པ།  སློབ་སྦྱོང་ཧུར་ཐག་བཅས་བྱས་ཏེ་ཡར་རྒྱས་ཟམ་མི་ཆད་པར་ཡོང་བ་དང་འཇོན་ཐང་འཕེལ་བ།  ལང་ཚོའི་ཕུགས་འདུན་འགྲུབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མའི་བསམ་པའི་ཉམས་འགྱུར་ངོམ་ཏེ།  སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་འཛུགས་སྐྲུན་པ་ཚད་ལོན་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པར་ཧུར་ཐག་འགྱུར་བར་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།