ནག་ཆུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་གྲ་སྒྲིག་འགྲན་བསྡུར་གཉེར་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-08 16:43:18

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན།  “ལས་གཏོད་ལ་བརྟེན་ནས་འབྱུང་འགྱུར་གཏོད།  ལང་ཚོར་བརྟེན་ནས་ཉམས་བཟང་ངོམ”བརྗོད་དོན་གཙོ་བོར་བྱས་པའི་ནག་ཆུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་གྲོང་ཁྱེར་རིམ་པའི་གྲ་སྒྲིག་འགྲན་བསྡུར་ནག་ཆུར་གཉེར་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་ནི་དུས་འགོའི་མང་འདེམས་དང་དཔྱད་ཞིབ་སོགས་ཀྱི་ལྷུ་ཚིགས་བརྒྱུད།  མཐར་དཔལ་མགོན་རྫོང་དང་ཤན་རྩ་རྫོང་སོགས་ཀྱི་བདམས་ཐོན་པ་25གྲོང་ཁྱེར་རིམ་པའི་གྲ་སྒྲིག་འགྲན་བསྡུར་ལ་ཚུད་པ་རེད།

གྲོང་ཁྱེར་རིམ་པའི་གྲ་སྒྲིག་འགྲན་བསྡུར་ལ“སྐར་མ་ལྔའི་རྣམ་གྲངས་ཀྱི་ལམ་འཁྲབ+སྐར་མ་གསུམ་གྱི་ཡུལ་དངོས་ཀྱི་རྩོད་རེས”ཀྱི་བྱེད་ཐབས་ལ་བརྟེན་ནས་འགྲན་བསྡུར་ལ་ཚུད་པའི་བདམས་ཐོན་པས་བང་རིམ་ཨང་ཀི་འཐེན་ཏེ་རིམ་པ་བཞིན་ལམ་འཁྲབ་དང་རྩོད་རེས་བྱས་པ་དང་།  ཆེད་ལས་དཔྱད་འདེམས་པས་བདམས་ཐོན་པའི་ཁེ་ལས་ཀྱི་རྒྱབ་ལྗོངས་དང་། ཐོན་ཟོག་ངོ་སྤྲོད།  འབྱུང་འགྱུར་གྱི་འཆར་འགོད་སོགས་ཀྱི་ཐད་དཔྱད་ཞིབ་དང་སྐར་མ་བརྒྱབ་ཅིང་།  མཐར་རྣམ་གྲངས་20ད་ཐེངས་ཀྱི་ལས་གཏོད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ལ་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།