ལྗོངས་ནང་ཁུལ་གྱི་མཁའ་ལམ་གནམ་གྲུའི་མདོ་ཚང་གི་སྤ་སེའི་གོང་ཚད་30%གཅོག་རྒྱུ་ཡིན་པ།​

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-30 17:31:26

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་27ཉིན་གནས་ཚུལ་འབྱོར་གསལ།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད།  འདི་ལོའི་ཟླ་11ཚེས་1ནས་ཕྱི་ལོའི་ཟླ་5ཚེས་31ཉིན་བར།  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་ལྗོངས་ནང་ཁུལ་ཡན་ལག་མཁའ་ལམ་གྱི་འགྲུལ་སྐྱེལ་སྤ་སེའི་གོང་ཚད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་ཞིང་།  སྐབས་དེ་དུས།  བོད་ལྗོངས་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ལྗོངས་ནང་ཁུལ་གྱི་མཁའ་ལམ་གནམ་གྲུར་བསྡད་ན་སྤ་སེའི་གོང་ཚད་ད་ལྟ་ལག་བསྟར་བྱེད་བཞིན་པའི་མདོ་ཚང་གི་གོང་ཚད་ཀྱི་30%གཅོག་རྒྱུ་རེད།  བྱ་ཐབས་དེ་ནི་མདོ་ཚང་གི་སྤ་སེའི་གོང་ཚད་ལ་དམིགས་པ་ཞིག་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར།  གཟིགས་སྐྱོང་བྱ་ཐབས་དེ་ལག་ལེན་བསྟར་བའི་དམིགས་ཡུལ་ནི།  སྲིད་གཞུང་གི་སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་བརྒྱུད།  བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་།  ལྗོངས་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་དངོས་ལོངས་སུ་སྤྱོད་ཐུབ་པ།  དམངས་སྤྱོད་མཁའ་འགྲུལ་གྱི་གོང་ཚད་བཅག་ནས་མང་ཚོགས་ལ་ཕན་པ་སྐྲུན་པ་བཅས་བྱས་ཏེ།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟབ་ཏུ་ཏན་ཏིག་གཏོང་རྒྱུ་དེ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།