ཝུའུ་དབྱིང་ཅེས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཁེན་ནི་ཡར་འཚམས་འདྲི་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-21 11:24:49

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ།  སྲིད་འཛིན་མཁན་ཀྲུའུ་པི་ལི་ཏང་གི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚེས་16ནས་19ཉིན་བར་ཁེན་ནི་ཡར་འཚམས་འདྲི་གནང་བ་མ་ཟད།  ཁེན་ནི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་གྱི་ལས་ཚབ་ཆི་པོ་དབྱི་དང་ཀྲུའུ་པི་ལི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཐུའུ་ཀྲུའུ་དང་ཁག་སོ་སོར་མཇལ་འཛོམས་གནང་སྟེ།  ཀྲུའུ་པི་ལི་ཏང་དང་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཆི་པོ་དབྱི་དང་ཐུའུ་ཀྲུའུ་རྣམ་གཉིས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།