རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷོ་ཁར་བརྗོད་དོན་གཙོ་བོའི་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་མཛུབ་ཁྲིད་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-09 12:55:15

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ།  ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་།  ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ།  ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དང་མཚོ་སྣ་རྫོང་སླད་ཤང་སོགས་མཐའ་མཚམས་ཀྱི་ཤང་གྲོང་དང་གྲོང་ཚོ་ཨུ་ལྷན་8ལ་ཕེབས་པ་དང་།  ཅིག་ཅར་དགོན་དང་གསང་སྔགས་ཆོས་གླིང་དགོན་སོགས་སུ་ཟབ་སྐྱོད་བྱས་ཏེ།  ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་སྤེལ་རེས་གནང་བ་མ་ཟད།  རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་དེ་བཞིན“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ཐད་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་འབྲེལ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

བསྟན་ཁོས་ལྷུན་རྩེ་རྫོང་དང་མཚོ་སྣ་རྫོང་གིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་ཕྱོགས་མཚུངས།  ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་རིམ་པ་གཤམ་འོག་ཏུ་ཕྱོགས་པ་མ་ཟད།  ཁྱབ་ཁྱོན་སྔར་བས་རྒྱ་ཆེར་བཏང་ནས་ཐད་ཀར་གཞི་རིམ་དང་མང་ཚོགས་དེ་བཞིན་འགལ་ཟླ་དང་དངོས་ཡོད་གནད་དོན་སྔར་བས་མང་བར་ཕྱོགས་ནས་ཚད་གཞི་དེ་བས་མཐོ་བ་དང་།  བླང་བྱ་དེ་བས་ནན་པ།  འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པར་བྱེད་དགོས།  འགོ་ཁྲིད་སྒྲིག་འཛུགས་དང་འགན་འཁྲིར་དམ་འཛིན་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་བ་དང་།  སློབ་སྦྱོང་སློབ་གསོར་བརྟེན་ནས་མཐོར་གཏོང་ལ་དམ་འཛིན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་སྔར་བས་གཏིང་ཟབ་ལེན་པ།  བརྟག་དཔྱད་ཞིབ་འཇུག་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་ཤུགས་ཆེན་བྱེད་པ།  གནད་དོན་ལ་ཞིབ་ལྟ་དང་དག་ཐེར་ལ་དམ་འཛིན་བྱས་ཏེ་གཞི་རིམ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ནུས་ལྡན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།