རང་སྐྱོང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་ལྔ་པ་སློབ་མཇུག་འགྲིལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-09 12:55:15

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར།  ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་ལྔ་པ་ཀྲེ་ཅང་གྲུ་དམར་ལས་བྱེད་པའི་སློབ་གླིང་དུ་སློབ་མཇུག་འགྲིལ་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་11ཡིན་པ་ལས།  ལྷ་སར་གསོ་སྦྱོང་ཉིན་5དང་ཀྲེ་ཅང་གྲུ་དམར་ལས་བྱེད་པའི་སློབ་གླིང་དུ་གསོ་སྦྱོང་ཉིན་6བྱས་ཤིང་།  གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པ་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གསལ་འགྲེལ་བྱས་ཡོད་ལ།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་།  “གྲུ་དམར་སྙིང་སྟོབས”“བརྒྱད་བརྒྱད་འཐབ་ཇུས”སོགས་ནང་དོན་ལའང་གསལ་འགྲེལ་གང་ལེགས་བྱས་ཡོད།  གསོ་སྦྱོང་བྱེད་རིང་།  དགེ་རྒན་གྱི་སློབ་ཁྲིད་དང་སློབ་མ་ཚོགས་ཆུང་ཁག་བགོས་ཀྱིས་སྤེལ་རེས་གྲོས་བསྡུར་ཟུང་འབྲེལ་དང་།  རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ས་གནས་ས་ཐོག་ཏུ་སློབ་ཁྲིད་ཟུང་འབྲེལ།  ལྗོངས་ནང་ཁུལ་དུ་གསོ་སྦྱོང་དང་ཡུལ་གཞན་དུ་གསོ་སྦྱོང་ཟུང་འབྲེལ་བཅས་བྱས་པས་ཕན་འབྲས་ཡག་པོ་ཐོབ་ཡོད་པ་རེད།

གསོ་སྦྱོང་འཛིན་གྲྭའི་སློབ་མ་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཕུན་ཚོགས་རྒྱལ་མཚན་གྱིས།  ཚན་པར་ལོག་རྗེས་ངེས་པར་དུ་གསལ་འགྲེལ་བ་དང་སྒྲོག་འགྲེལ་བ་ཡག་པོ་ཞིག་བྱས་ཏེ“དོན་དངོས་སྒྲུབ་པ་དང་།  མདུན་དུ་སྐྱོད་པ། གོམ་འགྲོས་དང་བསྟུན་པའི”ཀྲེ་ཅང་གི་སྙིང་སྟོབས་དང“གསར་གཏོད་དང་།  འབད་འཐབ།  ལེགས་སྐྱེས་འབུལ་བའི”གྲུ་དམར་གྱི་སྙིང་སྟོབས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ་ཟུང་འབྲེལ་བྱས་ནས་བསམ་བློའི་ངོས་འཛིན་སྔར་བས་ཟབ་པ་དང་།  བྱང་ཚད་འཇོན་ཐང་སྔར་བས་ཆེ་བ། ཏང་གཤིས་བློ་སྦྱོང་སྔར་བས་ཡག་པ།  ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་པ་བཅས་ཡོང་བའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།