རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-27 16:23:15

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་25ཉིན་གནས་ཚུལ་འབྱོར་གསལ།  ཚེས་25ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་།  ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ།  ས་ཁུལ་ཁག་གི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བསྐྱར་དུ་ཞིབ་བཤེར་དང་ནན་བཤད།  བརྟན་ལྷིང་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་བསྐྱར་དུ་ནན་བཤད་དང་བཀོད་སྒྲིག་བཅས་བྱས་ཏེ་རྟེན་འབྲེལ་ཆེ་མོའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་བྱ་ཐབས་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་།  ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི།  ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།  རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཧུང་པོ་དང་བློ་བཟང་འགྱུར་མེད་ཞུགས་པ་རེད།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན།  གཅིག་ནས་བསམ་བློའི་ངོས་འཛིན་དམིགས་སར་འབྱོར་བ་བྱེད་དགོས་ཤིང་།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན།  རྣོ་ངར་རང་བཞིན་བཅས་ངོས་འཛིན་གང་ལེགས་བྱས་ཏེ།  སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་།  རྒྱུན་མཐུད་དམག་འཐབ།  མཉམ་རུབ་དམག་འཐབ་བཅས་རྒྱུན་འཁྱོངས་ལྷོད་མེད་ངང་ཡག་པོ་བརྒྱབ་ནས་ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་བའི་རང་འགུལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་པ་དང་།  ངལ་དུབ་ལ་མི་སྐྲག་པ་དང་རྒྱུན་མཐུད་དམག་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་ལས་དོན་ཁག་མགོ་ཡོད་མཇུག་ཡོད་ཀྱིས་ཡག་པོ་བསྒྲུབས་ཏེ།  རྟེན་འབྲེལ་ཆེ་མོའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཕུན་སུམ་ཚོགས་པོས་མཇུག་བསྡུ་བ་དང་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས་པ།  གཉིས་ནས་སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་དམིགས་སར་འབྱོར་བ་བྱེད་དགོས་ཤིང་།  ས་ཁོངས་དང་སྤྱི་ཡོངས་སྤྱི་འདོམས་ཡག་པོ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་སྔོན་འགོག་ཚོད་འཛིན་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས།  ཁ་ཕྲལ་པ་དང་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་གོ་སྐབས་སྤུ་ཙམ་ཡང་མི་སྤྲོད་པ་དང་།  གཙོ་གནད་ས་ཁུལ་དང་། གཙོ་གནད་ཁུལ།  “མཐའ་མཚམས་གཉིས་དང་ལམ་རྒྱུད་གཅིག”བཅས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་དང་།  སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལས་སྒྲུབ་དང་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཤུགས་ཆེ་རུ།  སྔོན་ཇུས་ཇུས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་བཅས་བཏང་སྟེ་རྦད་དེ་བདེ་འཇགས་དང་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས་པ།  གསུམ་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་རྒྱུ་དམིགས་སར་འབྱོར་དགོས་ཤིང་།  དངོས་ཡོད་ཀྱི་གནོད་འཚེ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེར་ལྡིར་ནས་བབ་བསྟུན་གྲལ་བཤེར་དང་གསེད་དཀྲོལ་ལ་ཤུགས་སྣོན་གྱིས་བཅའ་ཁྲིམས་དང་སྒྲིག་ལམ་ལྟར་འཕྲལ་དུ་ཐག་གཅོད་བྱེད་དགོས་པ་དང་།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་ཟུང་འབྲེལ་བྱས་ཏེ།  མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་ཁེ་ཕན་གྱི་གནད་དོན་དངོས་ལ་དམིགས་ཏེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ཡག་པོ་བསྒྲུབས་ཐོག  ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་བཟོ་ཡོད་པའི་ས་ནས་ཏན་ཏིག་སེལ་དགོས་པ།  བཞི་ནས་བདེ་སྲུང་བྱ་ཐབས་དམིགས་སར་འབྱོར་བ་བྱེད་དགོས་ཤིང་།  གཏན་ལ་ཁེལ་བའི་བཀོད་སྒྲིག་གི་བླང་བྱ་ཁག་ལ་ནན་པོར་གཞིགས་ཏེ་རྟེན་འབྲེལ་བྱེད་སྒོ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ་དང་།  བདེ་སྲུང་བྱ་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ།  བྱེད་སྒོ་སྤེལ་ཡུལ་དང་མང་ཚོགས་རང་བཞིན་གྱི་མཉམ་སྡེབ་བྱེད་སྒོ་སྣ་ཚོགས་ལ་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནད་དོན་གང་རུང་ཞིག་ཀྱང་མི་ཐོན་པའི་འགན་ལེན་བྱེད་དགོས་པ།  ལྔ་ནས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དམིགས་སར་འབྱོར་བ་བྱེད་དགོས་ཤིང་།  ཕྲག་ཐོག་ཏུ་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲིར་ངོས་འཛིན་གང་ལེགས་བྱས་ཏེ“ལྗོངས་ཡོངས་མིག་མངས་སྒྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་།  རྟེན་འབྲེལ་ཆེ་མོའི་རིང་གི་བདེ་འཇགས་བརྟན་ལྷིང་དེ་མིག་སྔའི་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩི་བ།  རིམ་ཁག་སྡེ་ཚན་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་དོན་དག་ཚང་མར་འགན་འཁྲི་ཁ་གསལ་དང་།  མི་ཚང་མར་འགན་འཁྲི་ཡོད་པ། རང་འགན་གཙང་སྒྲུབ།  རིམ་པ་བཞིན་འགན་འཁྲི་བདའ་འདེད་གཏོང་བ་བཅས་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།