ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-20 17:51:50

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་18ཉིན་གནས་ཚུལ་འབྱོར་གསལ།  ཚེས་17ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་།  ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི།  ལྗོངས་ཏང་ཨུད་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་དང་།  ལས་ཁུངས། སྡེ་ཁུལ།  གཞུང་ཁོངས་ཁེ་ལས་སོགས་ཀྱི་གཞི་རིམ་ཚན་པར་ཕེབས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།  ཁོང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་།  ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ།  བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམ་པོར་དམིགས་པ།  ཚད་གཞི་དང་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་།  ལག་ལེན་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་ཁུར་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤུས་ཕན་གཉིས་ལྡན་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་།  ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་གྱིས“ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་བྱ་བ་བརྗོད་པ་དང་།  ཉེ་འགྲམ་གྱི་བྱ་བས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”རྣམ་པ་སྤྱད་དེ་སྡེ་ཁུལ་གྱི་གྲོང་མི་བརྟན་ལྷིང་སྲུང་སྐྱོང་དང་།  འཕེལ་རྒྱས་དོན་གཉེར།  འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།  ཏིང་ཡེ་ཤན་གྱིས།  འགལ་ཟླ་དང་རྩོད་གཞི་གྲལ་བཤེར་འདུམ་འགྲིག་གི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་།  ཐོབ་ཚོར། བདེ་སྐྱིད་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།  གཞི་རྟེན་དངོས་ལ་བརྟེན་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་བྱ་ཐབས་སྤྱད་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་།  མང་ཚོགས་སྐུལ་སློང་། མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ།  མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས།  མི་རིགས་ཁག་གི་མང་ཚོགས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་འགྲིལ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།