ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོའི་རྣམ་པ་ལེགས་སུ་བཏང་ནས་རྒྱལ་སྟོན་ལ་བསུ་བ་ཞུས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-20 17:51:34

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན།  ཆབ་མདོ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གཞོགས་འདེགས་དམ་ཟབ་བྱས་ཏེ།  རྒྱ་ཆེའི་ཞིང་འབྲོག་པ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་གྲོང་ཚོའི་ཁོར་ཡུག་གཙང་མ་བཟོ་བའི་བྱ་སྤྱོད་སྤེལ་ཞིང་།  “གཙང་སེལ་གསུམ་དང་སྒྱུར་བཅོས་གཅིག”གི་ལས་དོན་ལ་གཙོ་གནད་དམིགས་པ་དང་།  ཞིང་འབྲོག་ཁུལ་གྱི་ཁོར་ཡུག“བཙོག་ཟིང་ཞན”སོགས་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐག་གཅོད་བྱེད་པ།  ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།  ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་སྟོན་གྲངས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུས་པ་རེད།

གཙོ་གནད་བཅོས་སྒྲིག་མངོན་གསལ་དོད་པོ་ཡོང་བ་བྱས་པས་གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་ཞིང་།  ཁོར་ཡུག་བཅོས་སྒྲིག་དཔུང་ཁག་བཙུགས་ཏེ་གཟའ་འཁོར་རེར“གཙང་སེལ་གསུམ་དང་བཅོས་སྒྲིག་གཅིག”ནང་དོན་གཙོ་བོར་བྱས་པའི་གྲོང་ཚོ་གཙང་མ་བཟོ་བའི་བྱ་སྤྱོད་གཅིག་སྡུད་ཐེངས་རེ་སྤེལ་བས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག“བཙོག་ཟིང་ཞན”སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།  མིག་སྔའི་བར།  གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ་གཙང་མ་བཟོ་བའི་དཔྱིད་གསར་དུས་ཆེན་གྱི་བྱ་སྤྱོད་དང་།  དཔྱིད་དུས་ཀྱི་བྱ་སྤྱོད།  དབྱར་དུས་ཀྱི་བྱ་སྤྱོད་བཅས་སྤེལ་ནས་ཁོར་ཡུག་བཅོས་སྒྲིག་གི་བྱེད་སྒོ་ཐེངས་ཁྲི་3.5སྤེལ་བ་དང་།  ཏང་ཡོན་དང་ལས་བྱེད་པ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་68བྱེད་སྒོའི་ནང་ཞུགས་པ།  གད་སྙིགས་གཙང་སེལ་ཏུན་ཁྲི་41བཟོས་ཡོད།

མ་དངུལ་དངོས་བཏང་བས་སྡོད་མལ་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ།  གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མངགས་གཏོང་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རྣམ་གྲངས་དང་མ་དངུལ་བརྩོན་ལེན་དང་།  “གསང་སྤྱོད་གསར་བརྗེ”ལ་སྐུལ་འདེད་གཏོང་རོགས་བྱེད་པ།  གད་སྙིགས་བླུགས་སྣོད་སྒྲིག་སྦྱོར་བྱེད་པ། འཚོ་བའི་གད་སྙིགས་གཙང་སེལ་བྱ་ཡུལ་སྐྲུན་པ།  རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད་པ་རེད།  དཔལ་འབྱོར་ནགས་ཤིང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱས་པ་སྟེ།  དཔེར་ན།  མཛོ་སྒང་རྫོང་ཞྭ་གླིང་ཁ་ཤང་གོ་རེ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་དོན་རུ་ཁག་གིས་ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་300ལྷག་ཙམ་གྲབས་གསོག་བྱས་ཏེ་ཨར་འདམ་ལམ་གཏིང་བ་དང་།  ཡུལ་མིའི་སྡོད་ཁང་ལེགས་སུ་གཏོང་བ། ཆུ་ཡུར་ཉམས་བཟོ་བྱེད་པ།  གསང་སྤྱོད་བསྐྱར་སྐྲུན་བྱེད་པ་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གྲོང་སྡེའི་ཁོར་ཡུག་ལེགས་སུ་བཏང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།