འདམ་གཞུང་རྫོང་གིས“མི་ཁྲིས་གཙང་པོ་སྲུང་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-20 17:51:33

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  ལྷ་ས་སྐྱིད་ཆུའི་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་བྱས་ཏེ་ལྗང་མདོག་དང་།  ཁོར་ཡུག་སྲུང་སྐྱོང་། ཐཱན་ཉུང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་ཆེད། ཉེ་ཆར།  འདམ་གཞུང་རྫོང་ཆུ་དཔོན་ལམ་ལུཌ་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་ནས་སྤེལ་བའི“གྲོང་མིའི་ཆུ་དཔོན་ལམ་ལུགས།  མ་ཡུམ་གཙང་པོ་སྲུང་སྐྱོང”དང་འདམ་གཞུང་གི“མི་ཁྲིས་གཙང་པོ་སྲུང་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། གཙོ་གཉེར་ཕྱོགས་ཀྱིས་དང་བླངས་པར་འཇབ་ཙེ་དང་། རས་ཕད།  ལག་ཤུབ་སོགས་སྤྲད་པ་དང་འདམ་གཞུང་རྫོང་གི་འབྲེལ་ཡོད་ཚན་པའི་དང་བླངས་པ་62ལས་གྲུབ་པའི“ཆུ་ལམ་སྨན་པའི”དང་བླངས་ཞབས་ཞུའི་རུ་ཁག་གིས་ཆུ་ལམ་བཤངས་ཡོད།  ཚང་མས་ལམ་གཉིས་སུ་བགོས་ནས་འདམ་ཆུར་ཁྱོན་ཡོངས་ནས་སྐོར་བཤེར་བྱས་པ་དང་།  གད་སྙིགས་བླུགས་སྣོད་འཁྱེར་ཏེ་གཙང་འགྲམ་དང་ཆུ་ངོས་སུ་གཡེང་བའི་གད་སྙིགས་བསྒྲུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  “མི་ཁྲིས་གཙང་པོ་སྲུང་བའི”དང་བླངས་ཞབས་ཞུའི་ལས་དོན་གྱིས་གཙོ་བོ་འདམ་ཆུ་དང་ལྷ་ས་སྐྱིད་ཆུ་དང་དེའི་ཆུ་ཕྲན་དང་གནམ་མཚོའི་ཉེ་འཁོར་ལ་གད་སྙིགས་གཙང་ཕྱགས་དང་སྐོར་བཤེར་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུར་དམིགས་ནས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་།  ལས་བཟོ།  འབྲོག་པ་བཅས་ཀྱིས་འདམ་གཞུང་གི་མཚོ་དང་གཙང་པོའི་སྲུང་སྐྱོང་བཅོས་སྒྲིག་གི་ལྟ་སྐུལ་པ་དང་།  རྒྱབ་སྐྱོར་པ། དེའི་ནང་ཞུགས་མཁན།  སྲུང་སྐྱོང་བ་བཅས་སུ་བརྩོན་ལེན་བྱ་རྒྱུའི་སྐུལ་སློང་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།