རྩེ་བྱང་གྲོང་ཚོར་བཅའ་སྡོད་ལྗོངས་དམངས་སྲིད་ཐིང་གི་ལས་དོན་རུ་ཁག་གིས། དུད་ཚང་དབུལ་པོའི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-20 17:51:31

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  མིག་སྔའི་དུད་ཚང་དབུལ་པོའི་འཚོ་བ་དང་།  བསམ་བློའི་འགྱུར་ལྡོག་ལ་སྔར་བས་རྒྱུས་མངའ་ལོན་པ་དང་འབྲེལ་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱ་ཆེད།  ཉིན་ཤས་གོང་།  ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཤང་རྩེ་བྱང་གྲོང་ཚོར་བཅའ་སྡོད་ལྗོངས་དམངས་སྲིད་ཐིང་གི་ལས་དོན་རུ་ཁག་ཁག་བརྒྱད་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་འཁུར་བས།  དུད་ཚང་དབུལ་པོ་འགའ་རེའི་ཁྱིམ་དུ་བསྐྱོད་ནས་གྲོང་མིའི་ཞིབ་ཕྲའི་འཚོ་བའི་གནས་ཚུལ་དང་དུད་ཚང་གི་ཁོར་ཡུག་འཕྲོད་བསྟེན་གནས་ཚུལ་ཤེས་རྟོགས་བྱས་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་དུད་ཚང་རེར་སླེབས་རིམ་བཞིན་ཐོན་སྐྱེད་འཚོ་བ་དང་།  སྨན་བཅོས་རོགས་སྐྱོར། ཐོན་ལས་འཕེལ་རྒྱས། བུ་ཕྲུག་ལས་ཞུགས།  འབབ་འཕར་འཆར་གཞི་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད།  དུད་ཚང་གི་ཁོར་ཡུག་འཕྲོད་བསྟེན་དང་རྒྱུན་གཏན་གྱི་འཚོ་བའི་གད་སྙིགས་གསོག་འཇོག་དང་ཐག་གཅོད་གནས་ཚུལ་ལ་ཞིབ་བཤེར་ཏན་ཏིག་བྱས་པ་རེད།  དེ་དང་ཆབས་ཅིག  གྲོང་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས་ལས་དོན་རུ་ཁག་གི་རུ་མིས་མིག་སྔའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་།  “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་རྒྱུས་མངའ་ལོན་ཚད་ཤེས་རྟོགས་བྱས་པ་དང་འབྲེལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་ཡང་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།