རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས། “སྡེ་ཁུལ་གྱི་སྡེ་ལས་དོ་དམ་གནས་ཚུལ”ཐད་ཀྱི་ཨུ་ཡོན་ལྟ་ཞིབ་བྱེད་སྒོ་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-12 11:24:24

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་10ཉིན་གནས་ཚུལ་འབྱོར་གསལ།  ཟླ་9ཚེས་10ཉིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བསྐྱོད་ནས“སྡེ་ཁུལ་གྱི་སྡེ་ལས་དོ་དམ་གནས་ཚུལ”ལ་དམིགས་ཏེ་ཨུ་ཡོན་གྱི་ལྟ་ཞིབ་བྱེད་སྒོ་སྤེལ་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་ཕེབས་ཡོད་པ་རེད།

སྔ་དྲོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྟ་ཞིབ་ཚོགས་པ་དང་བཅས་པས་སྔ་ཕྱིར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲེང་ཞང་ཡོན་ཁུལ་ཆུང་དང་།  རྣམ་སྲས་ཁུལ་བཅུ་པ།  དེ་བཞིན་དབུལ་སྐྱོར་གནས་སྤོས་བྱ་ཡུལ་དྲིན་སྐྱོང་གླིང་ཁུལ་ཆུང་བཅས་ལ་བསྐྱོད་ནས་ལྟ་ཞིབ་དང་བརྟག་ཞིབ་བྱས་པ་རེད།  ཕྱི་དྲོར“སྡེ་ཁུལ་གྱི་སྡེ་ལས་དོ་དམ་གནས་ཚུལ”ལ་དམིགས་ནས་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི་དང་།  སྡེ་ལས་དོ་དམ་ཁེ་ལས་ཀྱི་འཐུས་མི། ཁུལ་ཆུང་དོ་བདག་གི་འཐུས་མི།  སྡེ་ཁུལ་གྱི་འཐུས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ལྟ་ཞིབ་བྱས་རྗེས་ཨུ་ཡོན་ཚོས་སྡེ་ཁུལ་གྱི་སྡེ་ལས་དོ་དམ་ཐད་ད་དུང་དོ་དམ་གྱི་དབང་འགན་མི་གསལ་བ་དང་།  དོ་དམ་ལམ་ལུཌ་ཞིབ་ཕྲ་མིན་པ། སྡེ་ལས་ཁྲིམས་འཛིན་ཐད་དཀའ་ངལ་ཡོད་པ།  གྲོང་ཁུལ་རྙིང་པའི་སྤྱི་པའི་སྒྲིག་བཀོད་འཐུས་མི་ཚང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་གནས་པའི་ངོས་འཛིན་བྱས་ཤིང་།  ཨུ་ཡོན་ཚོས་དེ་དག་ལ་དམིཌ་ནས་ལག་བསྟར་རུང་བའི་ཐབས་ཇུས་དང་གྲོས་འགོ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།