ཧོ་ཝུན་ཧའོ་ཡིས་སྣེའུ་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ལ་བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-09 10:40:44

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་4ཉིན།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་སྣེའུ་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིཌ་ཀྱི་འགྲིམ་འགྲུལ་འགག་པའི་གནད་དོན་ཞིབ་འཇུག་ཐག་གཅོད་ཐད་བརྟག་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ལྷན་དུ་ཕེབས་པ་རེད།

སྤྱི་བདེའི་ཞིབ་བཤེར་ས་ཚིགས་སུ་ཧོ་ཝུན་ཧའོ་དང་བཅས་པས་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་ས་ཚིགས་ཀྱི་མིག་སྔའི་ལས་དོན་སྒྲུབ་ཚུལ་དང་ལྷག་པའི་གནད་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག  འགྲིམ་འགྲུལ་འགག་པའི་གནས་ཚུལ་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་མ་ཟད།  ལས་དོན་མི་སྣས་ལྷ་ས་གྲོང་ཁྱེར་གྱི་བདེ་འཇགས་འགན་ལེན་ཐད་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་ཡང་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་སྤྱི་བདེའི་ཞིབ་བཤེར་ས་ཚིགས་ཀྱི་འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཐོག  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ་ཞིབ་བརྟག་བྱས་ནས་གནད་དོན་ཐག་གཅོད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མངོན་པར་བྱེད་པ་དང་།  མི་དམངས་ལྟེ་བར་འཛིན་པ་དང་ཡ་རབས་ཁྲིམས་འཛིན་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།  དེའི་ཁྲོད་གཅིག་ནས་ཞིབ་བཤེར་དང་ཚོད་འཛིན་ནན་པོ་བྱེད་དགོས་ལ་དམངས་ལ་སྟབས་བདེ་དང་ཕན་བདེ་ཡང་སྐྲུན་དགོས་པ་དང་།  གཉིས་ནས་ལྷ་ས་གྲོང་ཁྱེར་གྱི་དུས་བདེ་འགན་ལེན་བྱེད་དགོས་ལ་ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་བཟང་པོའང་འཛུགས་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།