ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བརྟག་ཞིབ་ཚོགས་ཆུང་གིས་བོད་ཀྱི་ཞིབ་དཔྱོད་ལས་དོན་ལ་བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-09 10:40:34

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་7ཉིན་གནས་ཚུལ་འབྱོར་གསལ།  ཚེས་7ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ལྷན་གྱི་པུའུ་རིམ་པ་གཞོན་པའི་ཆེད་བསྐོས་ཨུ་ཡོན་ཞིབ་འཇུག་ཁང་གི་ཀྲུའུ་རེན་དབན་ཁྲུན་དང་།  རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཀྲུའུ་ཡ་ཕིན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ཐེངས་འདིའི་བརྟག་ཞིབ་ཀྱི་དམིགས་ཡུལ་གསལ་བཤད་གནང་བ་དང་།  རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར།  ཁྲེང་ཀོན་ཆུས་བཅས་རིམ་པ་གསུམ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་དོན་སྙན་སེང་གསན་རྗེས་བོད་ཀྱི་ཞིབ་དཔྱོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་ཆབས་ཅིག་ཁྲིམས་འཛིན་སྒྱུར་བཅོས་དང་།  ཞིབ་དཔྱོད་ཨུ་ལྷན་གྱི་ལས་དོན།  བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་སོགས་ཀྱི་ལས་དོན་ཐད་སྤེལ་རེས་གནང་བ་རེད།

ཀྲུའུ་ཡ་ཕིན་གྱིས་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཐེངས་འདིའི་བརྟག་ཞིབ་གོ་སྐབས་སུ་བྱས་ཏེ་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་།  ཚད་ཡོད་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པ། ལེགས་ལྡན་ཐོན་ཁུངས་གཅིག་སྡུད་བྱེད་པ།  ཁ་གཏད་བོད་སྐྱོར་གྱི་ལེགས་ཆར་བརྟེན་པ།  ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་མགྱོགས་སུ་གཏོང་བ།  ཁྲིམས་འཛིན་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཞིབ་དཔྱོད་ལས་དོན་དུས་རབས་གསར་པར་ཕྱོགས་སྒྱུར་དང་།  གསར་གཏོད། འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

བོད་དུ་བརྟག་ཞིབ་གནང་རིང་།  བརྟག་ཞིབ་ཚོགས་ཆུང་གིས་ཁ་གཏད་འབྲེལ་གཏུག་ས་ཚིགས་ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་བསྐྱོད་ནས་བོད་ཀྱི་གཞི་རིམ་གྱི་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།