ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་དགོས་པ་དང་ཞིང་ལས་ལ་ཤུགས་སྣོན་དང་ཞིང་ལས་དར་རྒྱས་གཏོང་རྒྱུ་རང་འཁྲིའི་ལས་འགན་ལ་བརྩི་དགོས་པའི་བཀའ་སློབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-09 10:40:34

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ།  ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཞིང་འབྲེལ་མཐོ་རིམ་སློབ་གྲྭའི་ཧྲུའུ་ཅི་དང་།  སློབ་སྤྱི། རིགས་གཅིག་མཁས་ཅན་གྱི་འཐུས་མི་བཅས་ལ་འཕྲིན་ལན་སྤྲིངས་ཏེ།  ཞིང་འབྲེལ་མཐོ་རིམ་སློབ་གྲྭ་གཉེར་ཕྱོགས་ཐད་བླང་བྱ་བཏོན་གནང་བ་མ་ཟད།  ད་དུང་རྒྱ་ཆེའི་དགེ་སློབ་ཚོར་སྐུལ་ལྕག་དང་ཐུགས་རེ་ཡང་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་བའི་རིང་ལ་རྒྱལ་ཡོངས་ཀྱི་ཞིང་འབྲེལ་མཐོ་རིམ་སློབ་གྲྭས་སློབ་གཉེར་གྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ།  མཁས་མཛངས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་དང་ཚན་ཞིབ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས“ཞིང་གསུམ”བྱ་གཞག་འཕེལ་རྒྱས་གཏོང་ཕྱིར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོའི་དེང་རབས་ཅན་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་ཁ་བྲལ་ཐབས་མེད།  ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་འགག་རྩ་དེ་ཚན་རྩལ་དང་ཤེས་ལྡན་མི་སྣར་ཐུག་ཡོད།  དུས་རབས་གསར་པར་གྲོང་གསེབ་ནི་རེ་བས་ཁེངས་པའི་ཞིང་ས་ཞིག་དང་ལས་སྒྲུབ་ལས་གཏོད་ཀྱི་གར་སྟེགས་ཆེན་པོ་ཞིག་ཡིན།  རང་རྒྱལ་གྱི་མཐོ་རིམ་ཞིང་ནགས་སློབ་གསོ་ནི་བྱེད་རིན་ཆེན་པོ་ཡོད་པ་ཞིག་ཡིན།  ཁྱེད་ཚོས་མུ་མཐུད་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ་དང་།  ཞིང་ལས་ལ་ཤུགས་སྣོན་དང་ཞིང་ལས་དར་རྒྱས་གཏོང་རྒྱུ་རང་འཁྲིའི་ལས་འགན་ལ་བརྩི་བ།  ཚན་རྩལ་གྱི་གྲུབ་འབྲས་སྔར་བས་མང་པོ་འདོན་པ།  ཞིང་ལས་ལ་རྒྱུས་མངའ་ཆེ་བ་དང་ཞིང་ལས་ལ་དགའ་ཞེན་ཆེ་བའི་ཤེས་ལྡན་པ་གསར་པ་གསོ་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་ཀྱི་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པ།  ཞིང་པ་དུང་ཕྱུར་དུ་མའི་འཚོ་བའི་ཆུ་ཚད་དང་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་བ།  རི་བོ་དང་། ཆུ་བོ། ནགས་ཚལ། ཞིང་ཁ། མཚོ་མཚེའུ།  རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།  དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ།  གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་དགོས་ཞེས་ནན་བཤད་གནང་ཡོད།

ཉེ་ཆར་རྒྱལ་ཡོངས་ཀྱི་ཞིང་འབྲེལ་མཐོ་རིམ་སློབ་གྲྭ་50ལྷག་ཙམ་གྱི་ཧྲུའུ་ཅི་དང་།  སློབ་སྤྱི།  ཞིང་ནགས་རིགས་གཅིག་མཁས་ཅན་བཅས་100ལྷག་ཙམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ཏེ།  ཀྲེ་ཅང་གི་ཨན་ཅིར་དུས་རབས་གསར་པའི་ཞིང་ནགས་རིག་གནས་འཛུགས་སྤེལ་ལ་དམིགས་ནས་བརྟག་ཞིབ་བྱས་པའི་གནས་ཚུལ་སྙན་སེང་ཞུས་ཤིང་།  ཁོང་ཚོས་ཞིང་ནགས་ཀྱི་དགེ་སློབ་ཁྲི་130ཡི་ཚབ་ཞུས་ཏེ།  ཞིང་ལས་དར་རྒྱས་བཏང་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་འགན་འཁྲི་དང་དུ་ལེན་རྒྱུ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཕྱིར་འབད་འབུངས་ལྷོད་མེད་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།