རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-23 18:13:39

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་21ཉིན་གནས་ཚུལ་འབྱོར་གསལ།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་གཞི་རིམ་དང་མང་ཚོགས་ཚོས་ཚུར་སྣང་ལན་ཆ་དྲག་པོ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ནས།  གྲི་དངོ་ནང་གཏད་དང་ཏན་ཏན་ཏིག་ཏིག་གིས་གནད་དོན་ཐག་གཅོད་བྱེད་པ་དང་།  དག་ཐེར་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་ནན་པོ་དང་ཏན་ཏིག་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོར་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་དངོས་སུ་ཚོར་གང་ཐུབ་བྱས་ཡོད།

རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་དང་བསམ་བློ་ཆབ་སྲིད་ལ་ཉམས་སད་ཐེག་རྒྱུར་དམིགས་ནས།  སློབ་སྦྱོང་བྱེད་རིང་གནད་དོན་གྱི་མི་འདང་ས་ཤེས་རྟོགས་བྱེད་པ་དང་ལེགས་བཅོས་བྱེད་རིང་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་ཞིང་།  ལྗོངས་ཞིབ་དཔྱོད་ཁང་གིས་བསམ་བློའི་ངོས་འཛིན་གནད་ལ་མི་འཁེལ་བ་དང་སློབ་སྦྱོང་ཇི་མ་ཇི་བཞིན་བྱ་རྒྱུ་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ནན་པོ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་།  མི་དང་། དུས་ཚོད།  ནང་དོན་བཅས་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་ཞིབ་དཔྱོད་ལས་དོན་གྱི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་ལན་གསལ་པོ་ཞིག་བརྒྱབ་ཡོད།

ལྗོངས་ཏང་ཨུད་རྩ་འཛུགས་པུས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལས་དོན་དངོས་དབར་ཟུང་འབྲེལ་དམ་ཟབ་མ་བྱུང་བའི་གནད་དོན་ལ་དམིགས་ནས།  ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་འགོ་ཁྲིད་གདན་དྲངས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་སྐབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་སོགས་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཟུར་ཁྲིད་བྱས་ཏེ།  ཐོས་བསམ་མྱོང་རྟོགས་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་རམ་འདེགས་བྱས་པ་རེད།  ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གིས་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་དང་དཔེ་མཚོན་ཟུང་འབྲེལ་གྱིས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་དུ་གཞིས་ཚུགས་ནས་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཧོང་ཝུན་ཞིའུ་ཡི་བླ་ན་མེད་པའི་ཀུན་སྤྱོད་ལ་སློབ་སྦྱོང་བྱས་ཏེ།  སྔོན་ཐོན་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་དེ་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་པ་རེད།  ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དང་།  ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་།  ལྗོངས་སྨན་བཅོས་འགན་སྲུང་ཅུས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་མ་བྱུང་བའི་གནད་དོན་ལ་དམིགས་ནས།  ཀྲི་པུའུ་ཁག་ལ་གཟའ་འཁོར་རེའི་སློབ་སྦྱོང་འཆར་གཞི་བཟོ་བ་དང་།  དཔེ་དེབ་ཀྱི་དཀར་ཆག་འགོ་ནས་མཇུག་བར་ཀློག་པ་དང་ངེས་པར་དུ་ལྟ་ཀློག་དགོས་པའི་རྩོམ་ཡིག་གཏན་འཁེལ་བྱས་ཏེ།  བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱའི་ཚད་ལེན་ཚོད་ལྟ་བྱས་ཏེ་རྒྱུགས་སྤྲོད་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་།  རྒྱུགས་སྤྲོད་ལ་བརྟེན་ནས་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུའི་བླང་བྱ་བཏོན་པ་རེད།

བརྟན་ལྷིང་སྲུང་སྐྱོང་དང་། འདུ་ཤེས་འཛིན་སྟངས། དབུལ་སྒྲོལ་འགག་སྒྲོལ།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་སུ་ལྷག་པའི་གནད་དོན་ལ་དམིགས་ནས།  ལས་འགན་ཞིབ་ཚགས་དང་། བྱེད་ཐབས་ཁ་གསལ། དག་ཐེར་ཏན་ཏིག་བཅས་བྱས་ཤིང་།  ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་ལྗོངས་སྤྱི་བདེ་ཐིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་བ་དེར་དམ་འཛིན་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།  བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་མཐའ་གཅིག་ཏུ་བྱེད་པ་དང་སྔོན་ཚུད་ནས་ཤེས་རྟོགས་དང་།  སྔོན་ཚུད་ནས་ཉེན་གཏོང་།  སྔོན་ཚུད་ནས་འགོག་པ་བཅས་ཀྱི་ནུས་པ་དང་གནད་སྨིན་རྡུང་རྡེག་ཐག་གཅོད་ཀྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས།  བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།  ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་བར་མཐོངས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།  དྲ་ཐོག་ནས་དཀྲོག་གཏམ་བཟོ་བ་དང་བརྒྱུད་འགྲེམས་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་རེད།  ལྗོངས་ནོར་སྲིད་ཐིང་དང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་ཐོན་ལས་ཀྱི་མ་འཇོག་དེ་ཉིད་དངུལ་རྩའི་ཡར་སྐུལ་ནས་སྲིད་གཞུང་གི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་གཙོ་བོར་བྱེད་པ་དང་།  དངུལ་རྩའི་ཡར་སྐུལ་ཕལ་པར་བྱེད་པའི་སྣ་མང་ཅན་གྱི་མ་རྩ་མཉམ་འདྲེས་ལ་སྒྱུར་རྒྱུར་སྣང་ཆེན་བྱས་པས།  རྣམ་གྲངས་ཀྱི་མ་དངུལ་མཉམ་འདྲེས་དཀའ་ངལ་དང་། སྐུལ་འདེད་གཏོང་འགོར་བ།  ཕན་འབྲས་ཐོན་འགོར་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།

མིག་སྔར།  ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ལས་འགོ་ཚུགས་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2481ཡོད་པ་དེས་འཆར་འགོད་བསྡོམས་འབོར་གྱི་83%བཟུང་བ་དང་།  མ་དངུལ་སྒོར་དུང་ཕྱུར་275.94ལེགས་གྲུབ་བྱུང་བ།  ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་དབུལ་པོ་ཁྲི་22.09དབུལ་སྒྲོལ་ཐུབ་ནས།  ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་བརྡ་ལན་གནད་དོན་གྱི་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ཆེད་དོན་བཅོས་སྒྲིག་གི་གཙོ་གནད་ལ་དམིགས་ནས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་།  རང་འགུལ་ངང་རྩིས་ལེན། རིམ་པ་བཞིན་དག་ཐེར་ཡོ་བསྲང་བཅས་བྱས་ཤིང་།  ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་ཁག་6གི་གྱོད་གཞི་24བརྡ་ཁྱབ་བཏང་ནས།  དུས་ཆེན་རིང་ལྟ་སྐུལ་ཞིབ་བཤེར་ཐེངས་84བྱས་པས།  གནད་དོན་གྱི་ཁུངས་སྣེ་25ཤེས་རྟོགས་ཐུབ་པ་རེད།  ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་ཚོགས་འདུ་དང་ཡིག་ཆ་མང་བའི་གནད་དོན་མངོན་གསལ་དོད་པ་དང་།  ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱས་དྲག་པ་དང་ཡང་ཡང་བྱེད་པའི་གནད་དོན་ལ་དམིགས་ནས།  ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་གཞི་རིམ་གྱི་ཁུར་པོ་ཡང་གཏོང་མཐུན་སྦྱོར་ཚོགས་ཆུང་དང་མཉམ་འབྲེལ་ལྟ་ཞིབ་ཚོགས་ཆུང་བཙུགས་ཏེ།  གྲོང་ཁྱེར་དང་ས་ཁུལ་7དང་། རྫོང་ཆུས་21 ཤང་དང་གྲོང་རྡལ་15  ས་ཁུལ་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་64  ལྗོངས་ཐད་གཏོགས་ཚན་པ་36བཅས་སུ་བསྐྱོད་དེ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

མི་དམངས་བློ་ཡིད་ཚིམ་དང་མ་ཚིམ་དང་།  དགའ་པོ་བྱེད་དང་མ་བྱེད་པའི་གནད་དོན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་བརྩིས་ནས།  མི་རིགས་ཁག་གི་མང་ཚོགས་ཚོས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་རེད།  ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ལས་རིགས་ཀྱི་དོ་དམ་ནུས་པར་གཞིས་བཙུགས་ཏེ།  ཉི་མ་རྫོང་སྲིད་དོན་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་རམ་འདེགས་བྱས་པས།  གཞུང་དོན་གྲངས་གཞི་ཅན་དང་། ཆ་འཕྲིན་འདྲི་རྩད་དང་ཡོངས་བསྒྲགས་ལས་སྟེགས་ཅན།  ལས་དོན་དོ་དམ་དྲ་ཐོག་ཅན་བཅས་མངོན་འགྱུར་བྱུང་ཡོད་པ་རེད།

ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོར་དེ་བས་སྟབས་བདེ་བའི་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱ་རྒྱུར་ཤུགས་བརྒྱབ་སྟེ།  ཀའོ་ཏེ་ས་བཀྲ་དང་མཉམ་ལས་ཀྱིས“བོད་དུ་ཡུལ་སྐོར་ལ་སྐྱོད་པའི་ས་བཀྲ”ཞིག་བཟོས་ནས།  ལྗོངས་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་116འོས་སྦྱོར་བྱས་པས་བོད་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་རིམ་པ་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།