“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས”དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུའི་བརྙན་འཕྲིན་དགོང་ཚོགས་བསྟན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-23 18:01:44

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་21ཉིན་གནས་ཚུལ་འབྱོར་གསལ།  ཉིན་ཤས་གོང་དུ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་གཙོ་གཉེར་བྱས་པ་དང་།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་འཁུར་བའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས”དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུའི་བརྙན་འཕྲིན་དགོང་ཚོགས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་འཕྲིན་ལམ་བཞི་དང་།  རླུང་འཕྲིན་འཕྲིན་ལམ་ལྔ་ནས་བརྒྱུད་གཏོང་བྱས་པ་རེད།

དགོང་ཚོགས་ལ་དུས་ཡུན་ཆུ་ཚོད་གསུམ་ཙམ་ཡོད་པ་དང་།  《བདེ་སྐྱིད་ལྡན་པའི་མོག་མོག་ཚོང་ཁང》དང་། 《ཉིན་བཞིན་ཡར་རྒྱས》  《བསམ་བློ་གཏོང་ཕྱོགས་གཅིག》 《སྔོ་ལྗང་གི་ཉིང་ཁྲི》  《རང་ནས་འགོ་འཛུགས་པ》སོགས་ཀྱི་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུ་ཚང་མས་ཉམས་དགའ་ལ་དགོད་བྲོ་བའི་རྣམ་པར་བརྟེན་ནས་བོད་ཀྱི་མི་དམངས་དབུལ་སྒྲོལ་འགག་སྒྲོལ་ལམ་བུར་ལག་གདང་སྦྲེལ་ནས་བསྐྱོད་པ་དང་།  མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་གཏམ་རྒྱུད་གླེང་ཡོད།  (དོན་གྲུབ་ཀྱིས་བསྒྱུར།  དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།