ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-23 17:57:00

22.png

འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་སྤྱི་གཏོང་གྲོང་ཚོའི་ཏེང་པ་བའི་བུད་མེད་གཉིས་ཀྱི་གྲོང་ཚོའི་སྤྲེལ་ཁམ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་དུང་སྒྲ་བསྒྲགས་ཚུན།  ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཨང་དང་པོར་འཇོག་པ་དང་།  འགག་སྒྲོལ་གྱི་འགན་འཁྲི་ནན་དུ་གཏོང་བ། འགག་སྒྲོལ་གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ།  ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ།  གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚང་མ་ལྗོངས་ཡོངས་ཀྱི་སྔོན་དུ་སྤེལ་ཡོད།  2018ལོར།  ཉིང་ཁྲི་གྲོང་ཁྱེར་གྱིས་དུད་ཚང་དབུལ་པོ་1696གི་མི་གྲངས་5967ཉུང་དུ་བཏང་ནས་དབུལ་པོ་ཐོན་ཚད་0.33%བར་ཆག་པ་དང་།  གྲོང་ཚོ་དབུལ་པོ་129ཕྱིར་འཐེན་བྱས་ཡོད། སྨན་གླིང་དང་། ཀོང་པོ་རྒྱ་མདའ།  སྤོ་བོ་བཅས་རྫོང་གསུམ་དུས་བཀག་ལྟར་དབུལ་ཞྭ་ཕུད་པ་དང་། མེ་ཏོག་རྫོང་དང་།  རྫ་ཡུལ་རྫོང་།

སྣང་རྫོང་བཅས་དབུལ་ཞྭ་འཕུད་པའི་ཚད་གཞིར་སླེབས་ཡོད།  དབུལ་སྒྲོལ་འགག་སྒྲོལ་གྱི“འཆར་གཞི”ཡག་པོ་ཞིག་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་རིམ་གྱིས་ལག་ལེན་བསྟར་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཕུགས་འདུན་ས་གཞི་འདིར་མངོན་འགྱུར་ཡོང་བཞིན་མཆིས།

དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ཐོན་ལས་སྔོན་ལ་འཕེལ་རྒྱས་གཏོང་དགོས།

“ངས་ཕག་གསོ་ར་བ་གཉེར་སྐྱོང་བྱས་པར་གནོན་ཤུགས་ཆེ་ཙམ་འདུག  དེས་ང་ཚོའི་ཁྱིམ་ཚང་ཚུད་པའི་ཡུལ་མི་དུད་ཚང་19ཡི་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད།  ཡིན་ནའང་།  ང་ལ་ཁོ་ཚོའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་གདེང་ཚོད་ཡོད”ཅེས་ཨ་ཕང་གིས་ཕག་གསོ་ར་བར་མཛུབ་མོ་འཛུགས་བཞིན་བརྗོད།  ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་གི་ངོས་ནས་ཨ་ཕང་ནི་རྫ་ཡུལ་རྫོང་སྤྱི་གཏོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་ཞིང་།  ཁོང་གིས“མཉམ་ལས་ཁང+དུད་ཚང་དབུལ་པོ”ཡི་བྱ་ཐབས་སྤྱད་དེ་དུད་ཚང་དབུལ་པོའི་མི་ངལ་རྩོལ་བྱེད་པར་གླས་པ་མ་ཟད།  ད་དུང་དུད་ཚང་དབུལ་པོའི་མི་ལ་ཕག་གསོའི་ལག་རྩལ་བསླབས་པས་དུད་ཚང་དབུལ་པོར་མ་རྐང་ལྟར་ཁེ་སྤོགས་བགོ་བཤའ་ཐོབ་ཡོད།  བསྡོམས་རྩིས་ལ་གཞིགས་ན།  ཕག་གསོ་ར་བས་སྤྱི་གཏོང་གྲོང་ཚོའི་དུད་ཚང་དབུལ་པོར་ཆ་སྙོམས་ལོ་རེར་འབབ་འཕར་སྒོར་5000ཡོང་བ་དང་།  ལོ་རེར་གྲོང་ཚོའི་མཉམ་སྡེབ་ཀྱི་ཁ་གསབ་སྒོར་3000ཡོད་པ་དང་ཆབས་ཅིག  གྲོང་ཚོ་ཡོངས་ཀྱི་རྒྱུན་མཐུད་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད།

ཉེ་ལམ་ལོ་ཤས་རིང་།  ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་དབུལ་སྐྱོར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ནས་གྲོང་ཁྱེར་ཡོངས་ཀྱི“རྒྱུད་གཅིག་དང་རྟེན་གཞི་བཞིའི”ཐོན་ལས་འཕེལ་རྒྱས་ཀྱི་བཀོད་ཇུས་གཞིར་བཟུང་།  རྣམ་གྲངས་ལག་བསྟར་བྱེད་པོ་ཡག་པོ་འདེམས་པ་དང་། སྣེ་འདྲེན་ཁེ་ལས་དང་།  གྲོང་ཚོའི་མཉམ་སྡེབ། མཉམ་ལས་ཁང་།  ཕྱུག་འགྱུར་འཇོན་ཐང་ཅན་བཅས་གསོ་སྐྱོང་ལ་རོགས་སྐྱོར།  མང་ཚོགས་དབུལ་པོ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་པར་བཅས་བྱས་པས“4+1”གི་ཐོན་ལས་དབུལ་སྐྱོར་གྱི་བྱ་ཐབས་གསར་པ་རིམ་བཞིན་ཆགས་ཡོད།

སྲིད་ཇུས་དམངས་ཕན་གྱི་བྱ་ཐབས་ལ་བརྟེན་ནས་དབུལ་སྐྱོར་ལ་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ།

“སྟབས་ལེགས་པ་ཞིག་ལ་སྲིད་གཞུང་གིས་ང་ཚོ་འགན་བཅོལ་ལ་བླུགས་བྱུང་། དེ་ལྟར་མིན་ཚེ།  ང་སླར་ཡང་དབུལ་པོ་ཆགས་སྲིད”ཅེས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་ཤན་གྲོང་ཚོའི་ཡུལ་མི་ཉི་མ་སྒྲོལ་མས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།  ཁྱོ་བོར་འགྲིམ་འགྲུལ་ཆག་སྒོ་བྱུང་བས་ཉི་མ་སྒྲོལ་མའི་ཁྱིམ་གྱིས་སྨན་རིན་མང་པོ་གཏོང་དགོས་བྱུང་ཡོད།  སྟབས་ལེགས་པར་རྫོང་གིས་ཁོང་ཚོའི་ཁྱིམ་ལ་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགན་བཅོལ་ཉོས་ཡོད་པས་ཁོང་ཁྱིམ་གྱི་དཀའ་གནད་བསལ་ཡོད།  《དབུལ་སྒྲོལ་ལ་སྐུལ་ལྕག་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགན་བཅོལ་ཉོ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཇུས་གཞི》གཞིར་བཟུང་།  སྨན་གླིང་རྫོང་གིས་རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་2040ལ་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགན་བཅོལ་ཉོས་པར་དངུལ་སྒོར་204000ཟིན་ནས་དུད་ཚང་དབུལ་པོའི་དབུལ་སྒྲོལ་ལ་འགན་ལེན་ནུས་ལྡན་བྱས་ཡོད།

ཉེ་ལམ་ལོ་ཤས་རིང་།  ཉིང་ཁྲི་གྲོང་ཁྱེར་གྱིས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མང་ཚོགས་དབུལ་པོར་རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར་དང་།  དབུལ་སྐྱོར་ནང་འཇོག་དགོས་རིགས་དབུལ་སྐྱོར་དུ་འཇོག་པ།  འགན་བཅོལ་བྱེད་དགོས་རིགས་ལ་འགན་བཅོལ་བཅས་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ལས་གནས་གསབ་རེས་ཀྱི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་རང་སྐྱོང་ལྗོངས་ཀྱི“མི་དང་།  ལས་གནས། འགན་འཁྲི། གླ་ཆ་བཅས་གཏན་འཁེལ”གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།  ཉིང་ཁྲི་གྲོང་ཁྱེར་གྱིས་མི་རེར་ལོ་ལྟར་སྒོར་3500སྤྲོད་པའི་ཚད་གཞིར་གཞིགས་ནས་དངུལ་གྲངས་བཞིན་སྣོད་བཅུད་ལས་གནས་མ་དངུལ་སྤྲད་པ་དང་།  སློབ་གསོའི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ཤིན་ཏུ་དབུལ་པོའི་རྫོང་གི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་།  ཡིག་ཚགས་དང་གཱ་བཟོས་པའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བ་དབུལ་པོའི་ཆ་འཕྲིན་ཞིབ་བསྡུར་བྱེད་པ།  དུས་ཐོག་དང་འདང་ངེས་ཀྱི་སྒོ་ནས་མཐོ་སློབ་ཀྱིས་ལོ་དེའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་སྐུལ་ལྕག་བྱ་དགའི་དངུལ་སྤྲད་ཡོད།  དེ་དང་ཆབས་ཅིག  སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ནས་མ་མཐའི་འཚོ་བ་འགན་ལེན་ཐ་སྐྱོང་གི་ནུས་པ་འདོན་སྤེལ་བྱས་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལོ་རེར་སྒོར་3840བར་མཐོ་རུ་བཏང་བས་མ་མཐའི་འཚོ་བའི་ཚད་གཞི་དང་དབུལ་སྐྱོར་གྱི་ཚད་གཞི་གཉིས་ཀ་གཅིག་སྒྲིལ་ཐུབ་ཡོད།

ཁོར་ཡུག་སྡོད་མལ་བསྐྲུན་ནས་བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་རུ་བཏང་བ།

སྤོ་བོ་རྫོང་སྲིད་གཞུང་གནས་ཡུལ་དང་བར་ཐག་སྤྱི་ལེ་24ཙམ་ཆོད་པའི་སྒང་པ་གྲོང་ཚོའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པས།  ཡུལ་སྐོར་བ་མང་པོ་དེ་གར་འགྲོ་བའི་ཡིད་དབང་འཕྲོགས་ཡོད།  དེ་ཁུལ་གྱི་ཡུལ་མི་ཚོས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས་ཡོང་འབབ་མང་པོ་གསོག་ཐུབ་ཡོད་ལ།  བདེ་སྐྱིད་ཀྱི་སྟོན་གྲངས་ཀྱང་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།

“དེ་སྔ་ང་རང་གི་བསམ་པར་ང་ཚོའི་གྲོང་ཚོ་ཐག་རིང་ལུང་ཁུག་ཏུ་གནས་པས་ཡུལ་སྐོར་ལ་ཡོང་མཁན་ཡོད་ཀྱི་མ་རེད་བསམས་བྱུང་།  ད་ལྟ་ཡུལ་མི་ཚོས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་མང་པོ་གསོག་ཐུབ་པ་མ་ཟད།  ད་དུང་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་སོང་།  ད་ཆ་ཡུལ་མིའི་ཁྱིམ་ལ་འཛིན་ཆས་གང་དགོས་ཡོད་ལ།  ཁྱིམ་ཚང་ཁ་ཤས་ལ་ད་དུང་རླངས་འཁོར་ཀྱང་ཡོད”ཅེས་སྒང་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཡོན་ཏན་གྱིས་ངོ་སྤྲོད་བྱས་བྱུང་།

ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པར་སྔོན་ལ་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་།  ཉེ་ལམ་ལོ་ཤས་རིང་། རིམ་རྩིས་ལྟར་ན།  ཉིང་ཁྲི་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་36དང་བྱེ་བཅོས་མུའུ་ཁྲི་45བྱས་པ་དང་།  ཤིང་ནགས་མུའུ་ཁྲི་18བཏབ་པ།  དཔལ་འབྱོར་ཤིང་སོན་སོན་བཟང་རྟེན་གཞི་མུའུ་ཁྲི་1ལྷག་ཙམ་བསྐྲུན་པ།  སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་རྣམ་གྲངས་ཁག་70ལེགས་སྒྲུབ་བྱས་པ།  རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་2.6དོན་འཁྱོལ་བྱས་ནས་རིམ་རྩིས་ལྟར་ན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མ་དངུལ་སྒོར་དུང་ཕྱུར་9.95བཏང་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་ཕུགས་ལ་གཞི་ཚུགས་པ་དང་མིག་སྔར་དམིགས་ནས།  ལོ་ལྟར་ལས་དོན་དངོས་ཁག་གཅིག་ཡག་པོ་སྒྲུབ་པ་དང་དོན་ཆེན་འགའ་ཞིག་སྒྲུབ་ཀྱི་ཡོད།  ད་ཆ་མི་སེར་ལ་དངོས་གནས་དྲང་གནས་ཀྱི་བདེ་སྐྱིད་ཚོར་སེམས་བྱུང་ནས་ཁོ་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་ལ་རེ་བས་ཁེངས་པ་ཞིག་བྱུང་ཡོད་པ་

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།