གཞིས་རྩེ་གྲོང་ཁྱེར་གྱིས། ཕུལ་བྱུང་སྨན་བཅོས་ཤེས་ལྡན་པའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-21 10:34:13

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ།  ཚེས་19ཉིན་གྱི་ཕྱི་དྲོར།  གཞིས་རྩེ་གྲོང་ཁྱེར་གྱིས“ཀྲུང་གོའི་སྨན་པའི་དུས་ཆེན”སྐབས་གཉིས་པར་རྟེན་འབྲེལ་ཞུ་བ་དང་ཕུལ་བྱུང་གཞོན་ནུ་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པ་དང་ཕུལ་བྱུང་གཞོན་ནུ་སྨན་བཅོས་ཤེས་ལྡན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད།

ཚོགས་འདུའི་ཐོག་དང་ཐོག《གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་སྨན་པ་དང་སྨན་དོན་ལས་དོན་པར་སྤྲིངས་པའི་འཕྲིན་ཡིག》སྒྲོག་སྦྱངས་བྱས་པ་དང་།  གཟེངས་བསྟོད་ཐོབ་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།  ཚོགས་འདུའི་ཐོག་བསྟན་དོན། དུས་ཡུན་རིང་པོའི་ནང་།  གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་སྨན་པ་དང་སྨན་དོན་ལས་དོན་མི་སྣས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“གོས་དཀར་ཕོ་ཉ”ཞེས་པའི་གཟི་བརྗིད་མཚན་སྙན་ལ་འགྲེལ་བཤད་བརྒྱབ་པ་དང་།  “བདེ་ཐང་གི་སྒོ་སྲུང་བའི”བླ་ན་མེད་པའི་འགན་འཁྲི་གང་ལེགས་འཁུར་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད།

རྒྱ་ཆེའི་སྨན་པ་དང་སྨན་དོན་ལས་དོན་པས་རང་བཀུར་རང་སྟོབས་དང་ཐོག་མའི་བསམ་འདུན་མ་བརྗེད་པར་རང་ངོས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་།  སྨན་པའི་ཀུན་སྤྱོད་ཡག་པོ་དར་སྤེལ་བཏང་ནས་ལག་རྩལ་རྩེ་གྲར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།