ནག་ཆུར་ཐུམ་འབུའི་ནད་མཉམ་དུ་སྔོན་འགོག་ཚོད་འཛིན་ཐད་སྤེལ་རེས་བྱེད་པར་བསྐྱོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-21 10:32:24

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ།  ཉིན་ཤས་གོང་དུ། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན།  ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་འཕྲོད་བསྟེན་དང་ཞིང་འབྲོག་ཁོངས་གཏོགས་ཀྱིས་ལས་དོན་ཚོགས་ཆུང་བཙུགས་ཏེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་བསྐྱོད་ནས་ཐུམ་འབུའི་ནད་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་སྤེལ་རེས་ཚོགས་འདུ་འཚོགས་པ་དང་།  ས་གནས་ས་ཐོག་ཏུ་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་ལྟ་སྦྱོང་བྱས་པ་རེད།

ལས་དོན་ཚོགས་ཆུང་དང་བཅས་པས་གསེར་རྙེད་ཆུས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་དྲིལ་བསྒྲགས་པར་གཞི་བལྟས་པ་དང་།  ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགྲེམས་པང་ལ་ལྟ་སྐོར་བྱས་ཏེ་གསེར་རྙེད་ཆུས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་གྱི་ཕན་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་རེད།  དེ་རྗེས།  ལས་དོན་ཚོགས་ཆུང་གསེར་རྙེད་ཆུས་སྐད་གཉིས་བུ་བཅོལ་ཁང་དང་སྒོ་ཕྱུཌ་གཅིག་སྡུད་བཤས་རར་བསྐྱོད་ནས་གསེར་རྙེད་ཆུས་ཀྱི་ཐུམ་འབུའི་ནད་དྲིལ་བསྒྲགས་དང་འགོག་བཅོས་ཀྱི་དོན་དངོས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད།  གསེར་རྙེད་ཆུས་སྐད་གཉིས་བུ་བཅོལ་ཁང་དུ་ལས་དོན་ཚོགས་ཆུང་སློབ་ཁང་དུ་བསྐྱོད་ནས་ཐུམ་འབུའི་ནད་སྔོན་འགོག་གི《ལག་པ་འཁྲུ་སྟངས་ལུས་རྩལ》དང་དེའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ལ་བལྟས་པ་དང་།  གསེར་རྙེད་ཆུས་ཀྱི་སྒོ་ཕྱུཌ་གཅིག་སྡུད་བཤས་རར་ལས་དོན་ཚོགས་ཆུང་བཀོལ་སྤྱོད་ཁང་དུ་འཛུལ་ནས་ཕྱུགས་ཟོག་གི་ནད་ཡམས་བརྟག་ཞིབ་མ་ལག་གི་བཀོལ་སྤྱོད་བརྒྱུད་རིམ་ལ་བལྟས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།