ཁྲེན་ཡུང་ཆི་ཀྲུང་དབྱང་ཚན་པའི་སྐབས་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རང་ངོས་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་གི་བཞུགས་མོལ་ཚོགས་འདུར་ཞུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-21 10:26:03

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཟླ་8ཚེས་16ཉིན།  ཀྲུང་དབྱང་ཚན་པའི་སྐབས་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རང་ངོས་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་།  ཁོང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པའི་དམིགས་བསལ་ལེགས་ཆ་འདོན་སྤེལ་བྱེད་པ་དང་མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་ཁྲོད་ཧུར་ཐག་ཞུགས་ཏེ་རང་ངོས་སློབ་གསོ་དང་།  རང་ངོས་དོ་དམ། རང་ངོས་ལྟ་སྐུལ། རང་ངོས་ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་པ་དང་།  གཟུགས་པོ་དང་། སློབ་སྦྱོང་། ལས་ཀ  དོ་དམ་བཅས་ཡག་པོ་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བ་དང་།  ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གཞན་གྱི་སྔོན་ལ་སྤེལ་བ་དང་མིག་དཔེ་འདོན་དགོས་པའི་ནན་བཤད་གནང་བ་རེད།

ཁྲེན་ཡུང་ཆིས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་དོ་དམ་གྱི་འགན་འཁྲི་ཡག་པོ་འཁུར་ནས་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་།  སྒྲིག་སྲོལ་ལམ་ལུགས་ཁག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བོད་སྐྱོར་ལས་དོན་རུ་ཁག་སྒྲིག་ཁྲིམས་ནན་ལ་སྤྱོད་ཚུལ་ཐད་ཉམས་སད་ཐེག་པའི་འགན་ལེན་བྱེད་དགོས།  རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོས་ས་མཐོར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་སྐབས་གཟུཌ་གཞིའི་བདེ་འཇགས་དང་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས།  ལྗོངས་ཏང་ཨུད་རྩ་འཛུགས་པུས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཁྱིམ་ཚང་གི་ནུས་པ་འདོན་སྤེལ་བྱས་ཏེ་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས།  བོད་སྐྱོར་ལས་བྱེད་པར་བློ་བདེ་བག་ཕེབས་ངང་བོད་དུ་ལས་ཀ་བྱེད་དུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།