རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས“གཅིག་སེམས་གཅིག་འབྲེལ”སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་གྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་དང་འཁྲབ་སྟོན་པ་གཙོ་བོར་གཟིགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-21 10:24:05

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་19ཉིན་གནས་ཚུལ་འབྱོར་གསལ།  ཚེས་19ཉིན་གྱི་སྔ་དྲོར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ལྷ་ས་གྲོང་ཁྱེར་དུས་བཞི་བཀྲ་ཤིས་གྲོང་ཚོར་ཕེབས་ནས།  “གཅིག་སེམས་གཅིག་འབྲེལ”སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་གྱི་གྲ་སྒྲིག་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་གནང་ནས་འབྲེལ་ཡོད་ལས་དོན་སྙན་ཞུ་གསན་པ་དང་སྦྲགས།  ཚད་མཐོའི་མཐོང་ཆེན་བྱས་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་།  གཞོགས་འདེགས་དམ་ཟབ་བྱས་ནས་མཉམ་ཤུགས་ཆགས་པ།  དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་སྐད་གྲགས་ཆེ་རུ་གཏོང་བ།  བདེ་འཇགས་ཨང་དང་པོར་བཟུང་ནས་ལས་འཛོལ་གཅིག་ཀྱང་མི་ཐོན་པ་བཅས་ཀྱི་བླང་བྱ་ཡང་བཏོན་གནང་བ་རེད།  ད་རེས་ཀྱི“གཅིག་སེམས་གཅིག་འབྲེལ”སྒྱུ་རྩལ་ཚོགས་པའི་བོད་སྐྱོད་འཚམས་འདྲིའི་འཁྲབ་སྟོན་བརྒྱུད།  རྒྱལ་ཡོངས་མི་དམངས་ལ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་།  ལྷག་པར་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་དང་བོད་ཀྱི་འཕེལ་རྒྱས་གསར་པ་དང་།  འཕོ་འགྱུར་གསར་པ། གྲུབ་འབྲས་གསར་པ།  རྣམ་པ་གསར་པ་བཅས་གང་ལེགས་མངོན་པར་བྱེད་པ་དང་ཆབས་ཅིག  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ལ་ཐུགས་རྗེ་ཆེ་ཞུ་ལུགས་དང་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་ཡག་པོ་ཡང་གང་ལེགས་མཚོན་པར་བྱས་ཏེ།  བརྗོད་དོན་གཙོ་བོ་སྔར་བས་མཆོག་ཏུ་བཟུང་ནས་དྲང་ནུས་དར་སྤེལ་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།