གཞིས་རྩེས་ཁོར་ཡུག་སྲུང་སྐྱོང་གི་དཔེ་བཟང་གྲོང་ཁྱེར་ཤུགས་ཆེན་གཏོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-20 10:52:00

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ།  གཞིས་རྩེ་གྲོང་ཁྱེར་གྱིས“དྲུག་ལྡན་གྲོང་ཁྱེར་མཉམ་སྐྲུན”གྱི་ལས་དོན་སྤེལ་འགོ་བཙུགས་ཚུན།  གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བྱེད་པ་དང་།  འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ།  བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔེ་བཟང་གྲོང་ཁྱེར་འཛུགས་པའི་ལས་དོན་ཧུར་ཐག་སྤེལ་བར་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་མཁའ་རླུང་སྦགས་བཙོག་དངོས་རྫས་གཙོ་བོའི་ལོ་རེའི་ཆ་སྙོམས་གར་ཚད་རྒྱལ་ཁབ་ཀྱི་ཚད་གཞི་རིམ་པ་གཉིས་པ་ལོན་པ་དང་མཁའ་རླུང་ཡག་པོ་ཡོད་པའི་ཉིན་གྲངས་ལོ་ཧྲིལ་པོའི་ཉིན་གྲངས་ཀྱི་85%ཡན་བཟུང་ཡོད།  འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་བྱེད་ཚད་90%ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས《གཞིས་རྩེ་གྲོང་ཁྱེར་གྱི“དྲུག་ལྡན་གྲོང་ཁྱེར་མཉམ་སྐྲུན”གྱི་སྤྱིའི་ལས་དོན་ཇུས་གཞི》དང《གཞིས་རྩེ་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་གི་དཔེ་བཟང་གྲོང་ཁྱེར་སྐྲུན་པའི་ལག་བསྟར་ཇུས་གཞི》སོགས་ཀྱི་བླང་བྱ་གཞིར་བཟུང་།  བརྟག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གཞིས་རྩེའི་དོན་དངོས་དང་མཐུན་པའི“ཁོར་ཡུག་སྲུང་སྐྱོང་གི་འཆར་གཞི་ཆེན་པོ་6”དང“ཁོར་ཡུག་འཛུགས་སྐྱོང་འདུ་འགོད་ཁག་18”གྲུབ་ཡོད།  “ཁོར་ཡུག་སྲུང་སྐྱོང་གི་འཆར་གཞི་ཆེན་པོ་6”ལ་དྭངས་གཙང་ཆུའི་འཆར་གཞི་དང་།  གནམ་སྔོན་པོའི་འཆར་གཞི། སྦགས་བཙོག་ཚོད་འཛིན་འཆར་གཞི།  གནས་བཟོད་བདེ་བའི་སྡོད་མལ་ཁོར་ཡུག་འཆར་གཞི།  ཁོར་ཡུག་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་འཆར་གཞི།  དྲིལ་བསྒྲགས་འཆར་གཞི་བཅས་ཚུད་པ་དང་།  “ཁོར་ཡུག་འཛུགས་སྐྱོང་འདུ་འགོད་ཁག་18”ལ་ཆུའི་སྤུས་ཚད་ལེགས་སུ་གཏོང་བའི་འདུ་འགོད་དང་།  ཆུ་རྒྱུད་ཆུང་བའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་འདུ་འགོད།  སྦགས་བཙོག་ཡོང་ཁུངས་གཙོ་གནད་བཅོས་སྐྱོང་འདུ་འགོད།  བཟོ་ལས་ཀྱི་སྙིགས་རྫས་གཙང་སེལ་དང་ཕྱོགས་བསྡུས་བེད་སྤྱོད་འདུ་འགོད།  ལྗང་མདོག་སྣོད་བཅུད་འདུ་འགོད་སོགས་ཀྱི་དཔེ་མཚོན་གཏོད་པའི་ཇུས་གཞི་ཚུད་ཡོད།  ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་ཞིབ་ཕྲའི་ལས་དོན་སྤེལ་བ་དང་གཏོད་འཛུགས་ཀྱི་དམིགས་ཚད་350ལྷག་ཙམ་ཞིབ་ཚགས་སུ་བཏང་ནས་ལས་འགན་ཁག་འགན་འཁྲིའི་ཚན་པ་ཁག་དང་རྫོང(ཆུས)18ལ་ཁག་བགོས་བྱེད་པ་དང་འབྲེལ།  མི་སྣ་སྐོང་འཐེན་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་དཔེ་མཚོན་གཏོད་པའི་གཞུང་ལས་ཁང་བཙུགས་པ་དང་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔེ་བཟང་གྲོང་ཁྱེར་འཛུགས་པའི་འབྲེལ་ཡོད་ལས་དོན་གྱི་འགན་ཆེད་མངགས་ཁུར་ནས་ལས་འགན་གནད་ལ་འཁེལ་བ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་རྒྱུ་རེད།

མིག་སྔའི་བར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔེ་བཟང་གྲོང་ཁྱེར་དཔྱད་ཞིབ་དམིགས་ཚད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ན་གཞིས་རྩེ་གྲོང་ཁྱེར་གྱིས་དམིགས་ཚད་13གྱི་ཚད་གཞི་ལོན་ཡོད།  དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱིའི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔེ་བཟང་གྲོང་ཁྱེར་འཛུགས་པའི་ཐོག་མའི་མ་ཟིན་རྩོམ་སྒྲིག་བྱས་ཟིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།