ལྷོ་ཁས་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-20 10:51:54

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན།  ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་རིག་གནས་འཕེལ་རྒྱས་གླེང་སྟེགས་འཚོགས་པ་རེད།

ཐེངས་འདིའི་གླེང་སྟེགས་ཀྱིས“བོད་མིའི་འབྱུང་གནས་ལྷོ་ཁ—རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གསར་པ”བརྗོད་དོན་གཙོ་བོར་བྱས་ཏེ་ལྷོ་ཁའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐབས་ལམ་བཙལ་བ་རེད།  གླེང་སྟེགས་ལ་ཧུའུ་ནན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་སྐོར་ཞིབ་པ་ཝང་ཁྲའོ་ཤང་དང་།  ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཧྥན་ཅན་ཧྭ།  བོད་ལྗོངས་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཚེ་བརྟན་བཀྲ་ཤིས།  བོད་ལྗོངས་ཡུལ་སྐོར་མ་འཇོག་ཉིང་ཁྲི་ཆོན་ཅིང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐའོ་ཅུན།  ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཡུལ་སྐོར་ལས་དོན་ཁང་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་པོ་ཝེ།  འགྲུལ་པའི་ཨ་མ་ཚོགས་པའི་ཙུང་ཚའེ་གཞོན་པ་རེན་གོ་ཚའེ་བཅས་ཀྱིས“‘བོད་མིའི་འབྱུང་གནས་ལྷོ་ཁའི’རིག་གནས་ཀ་རྟེན་དུ་བྱས་ནས་འཛམ་གླིང་གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དམིགས་སའི་ཁུལ་རྩེ་གྲ་གཏོད་པ”དང་།  “བོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྐོར་ཞིབ་ཕྲ་གླེང་བ”  “བོད་མིའི་འབྱུང་གནས་ཀྱི་རིག་གནས་དང་ལྷོ་ཁའི་ཡུལ་སྐོར—མཛེས་ལྗོངས་ཁུལ(ས་ཚིགས)གྱི་ལོ་རྒྱུས་ནང་དོན་ལ་འགྲེལ་བཤད་བྱེད་པ”  “འཕེལ་རྒྱས་ཀྱི་མདུན་ལམ་བཟང་བའི་བོད་ཀྱི་ཡུལ་སྐོར་རགས་ཙམ་གླེང་བ”  “ཡུལ་སྐོར་ཐོན་ཁུངས་ཀྱི་ཕན་འབྲས་དཔལ་འབྱོར་གྱི་ཕན་འབྲས་སུ་སྒྱུར་བའི་སྐོར་གྱི་བསམ་གཞིག”“IPལ་བརྟེན་ནས་ལྷོ་ཁའི་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ”སོགས་ཀྱི་ནང་དོན་ཁག་སོ་སོར་གཙོ་གནད་གཏམ་བཤད་སྤེལ་བ་མ་ཟད།  དུས་རབས་གསར་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མཐོང་རྒྱ་གསར་པ་དང་།  བསམ་ཕྱོགས་གསར་པ། བྱེད་ཐབས་གསར་པ་བཅས་མཁོ་འདོན་བྱས་པ་རེད།

གླེང་སྟེགས་འཚོག་རིང་།  ལྗོངས་ཕྱིའི་སྐུ་མགྲོན་རྣམས་གདན་ཞུས་ལྟར་ཡར་འབྲོག་གཡུ་མཚོ་དང་། གྲི་གུ།  བསམ་ཡས་ལོ་རྒྱུས་རིག་གནས་མཛེས་ལྗོངས་ཁུལ།  འཕྱོངས་རྒྱས་པུར་རྒྱལ་བཙན་པོའི་ཕ་སའི་མཛེས་ལྗོངས་ཁུལ་བཅས་སུ་བསྐྱོད་ནས་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།