ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-13 16:19:27

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་8ཉིན་གནས་ཚུལ་འབྱོར་གསལ།  ཚེས་8ཉིན་གྱི་སྔ་དྲོར།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་།  ཝང་ཝུའེ་ཏུང་བཅས་སློབ་སྦྱོང་ཚོགས་འདུར་ཞུགས་པ་རེད།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཞིབ་འཇུག་པ་དགྲ་འདུལ་གྱིས་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

སློབ་སྦྱོང་ཚོགས་འདུའི་ཐོག་དགྲ་འདུལ་གྱིས“བོད་བརྒྱུད་ནང་བསྟན་གྱི་ངོ་བོ་ཉིས་ལྡན་རང་བཞིན་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ལམ་ལུགས་འོག་གི་བོད་བརྒྱུད་ནང་བསྟན་གྱི་སྤྱིའི་རྣམ་པ་གསལ་འགྲེལ་ཞིབ་ཚགས་བྱས་པ་དང་།  བསམ་བློ་ཆབ་སྲིད་དང་། བསྟན་དོན་དང་བསམ་བློ། དད་མོས་ཀྱི་འདུ་ཤེས། ཆོས་ལུགས་ཀྱི་ཆོ་ག  རང་ངོས་དོ་དམ་སོགས་ཀྱི་ཐད་གནས་པའི་བོད་བརྒྱུད་ནང་བསྟན་གྱི་ཕན་མེད་ནུས་པར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པ།  བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུའི་ཁྲིད་སྟོན་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་བཏོན་པ་བཅས་ནི་ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་།  དེ་བས་ལེགས་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་ལ་ངོས་འཛིན་བྱ་རྒྱུ་དང་ལྟ་སྟངས་འཛིན་རྒྱུ།  དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པ་བཟོ་རྒྱུ།  མི་རིགས་ཁག་གི་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་དགོས་པ་དང་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་གཏོང་རྒྱུ་དང་ཁྲིད་སྟོན་བྱ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ཐད་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་འཚོགས་པ་དང་།  གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ།  མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་བཅས་ལས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ཞིག་ཆགས་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཡུལ་ཁམས་གསར་པ་ཞིག་བཏོད་པ་ནི་དུས་རབས་གསར་པར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཞིག་རེད།  ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།

“གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ།  ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱེད་པ།  གཏིང་ཟབ་པོ་ཤེས་པ་དང་གོ་བ་གཏིང་ཟབ་པོ་ལོན་པར་བྱེད་པ། བསམ་བློར་དྲག་ཆས་སྤྲོས་པ་དང་།  ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཆོས་ལུགས་འཆམ་མཐུན་དང་།  བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བ་བྱེད་དགོས།  བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་བའི་ཆབ་སྲིད་ཀྱི་རྣམ་འགྱུར་དང་།  ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་བའི་ཆབ་སྲིད་ཀྱི་འཇོན་ཐང་།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅིར་མིག་ལྟོས་ཀྱི་ཆབ་སྲིད་ཀྱི་འདུ་ཤེས་བཅས་མངོན་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ།  སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི“འགག་རྩ”ཡིན་པའི་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་དམ་འཛིན་ནན་པོ་བྱེད་པ།  ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱེད་པ།  “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྱི་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ།  བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བདེན་ཡོད་སྤོབས་ཆེའི་སྒོ་ནས་དྲིལ་བསྒྲགས་བྱེད་པ།  རྒྱ་ཆེའི་གྲྭ་བཙུན་དང་ཆོས་དད་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ།  “མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་རང་རྟོགས་ངང་དབྱེ་མཚམས་གསལ་པོ་འབྱེད་དགོས།  དད་མོས་ལ་བརྩི་འཇོག་དང་། ཁྲིམས་ལྟར་དོ་དམ། ཡུན་རིང་མཐའ་འཁྱོངས།  གོམས་གཤིས་འཇགས་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་བ།  དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པ་བཟོ་བ།  དད་ལྡན་མང་ཚོགས་ལ་ཧུར་བརྩོན་ཡར་ཐོན་དང་ཚན་རིག་ལ་གོང་བཀུར་ཞུ་བ་དང་།  ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ།  ཤེས་དཔལ་ཡར་ཐོན་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ།  ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།  ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ།  སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།  དོ་དམ་དང་ཞབས་ཞུ་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།  དོ་དམ་ཞབས་ཞུའི་ནང་ཁྱབ་པར་བྱེད་པ།  དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་ཟབ་ཏུ་གཏོང་བ།  དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་དགོན་སྡེར་དོ་དམ་བྱེད་སྟངས་ཁྲིམས་ལུགས་ཅན་དང་།  ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།  དགོན་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་།  “ལོ་ལྔ་ཚན་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།  གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ།  ཁོང་ཚོར་རང་རྟོགས་ངང་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་དང་རང་འགུལ་ངང་སྲིད་གཞུང་གི་དོ་དམ་དང་ལེན་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ།  ཆོས་ལུགས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ཀྱང་བྱེད་དགོས།  རིམ་ཁག་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་རང་འགན་གཙང་སྒྲུབ་དང་དཀའ་སྤྱད་བློ་སྦྱོང་བྱས་ཏེ་ཆོས་ལུགས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་དང་ཆོས་ལུགས་ལས་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།  རིམ་ཁག་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ།  སྒྲིག་འཛུགས་དང་སྤྱི་འདོམས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་ཆོས་ལུགས་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།  འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་དང་ཆོས་ལུགས་ལས་དོན་དང་འབྲེལ་བ་ཡོད་པའི་ལས་བྱེད་པས་རང་ངོས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་།  ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ།  བརྩེ་སེམས་ཟབ་མོ་འཆང་བ་དང་འགན་འཁྲི་ཡག་པོ་འཁུར་བའི་ཐོག་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཁོང་ཚོ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཏན་ཏིག་ཡོང་བར་བྱེད་དགོས།  དགོན་སྡོད་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་ཁོ་ཚོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།