རྒྱལ་ཡོངས་སྲིད་གྲོས་ཀྱི་ཕྱི་རྒྱལ་གྱི་ཟུར་ཞུགས་ཕྱིར་སྡོད་སྤུན་ཟླ་རྒྱལ་ནང་དུ་ལོག་པའི་རྟོག་ཞིབ་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-13 16:19:21

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་8ཉིན་གནས་ཚུལ་འབྱོར་གསལ།  ཚེས་1ཉིན་ནས་ཚེས་7ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཤང་ཀང་དང་། ཨའོ་མོན།  ཐའེ་དབན་བཅས་ཀྱི་ཕྱིར་སྡོད་སྤུན་ཟླའི་ཨུ་ལྷན་གྱི་ཀྲུའུ་རེན་ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་ཟུར་པ་ཀྲུའུ་ཞའོ་ཏན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཕྱི་རྒྱལ་གྱི་ཟུར་ཞུགས་ཕྱིར་སྡོད་སྤུན་ཟླ་རྒྱལ་ནང་དུ་ལོག་པའི་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ཉིང་ཁྲི་དང་ལྷ་ས་སོགས་སུ་ས་ཆ་དངོས་སུ་རྟོག་ཞིབ་གནང་བར་ཕེབས་ཡོད།  ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མངགས་བཅོལ་ལྟར་ཚེས་4ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཀྲུའུ་ཞའོ་ཏན་བཅས་པ་དང་བཞུགས་མོལ་གནང་བ་རེད།

ཀྲུའུ་ཞའོ་ཏན་གྱིས།  མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་པས་དེར་གོ་སྐབས་དང་ཉེན་ཁ་མཉམ་དུ་གནས་ཡོད།  རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་ཁ་གཏད་གཅོག་སྐབས་རྒྱལ་ཁབ་ཕྱི་ནང་གི་བུ་ཕྲུག་ཚོ་མཐུན་སྒྲིལ་ཆེན་པོ་བྱེད་པ་དང་མཉམ་འབྲེལ་ཆེན་པོ་བྱེད་པ་དེ་དུས་སྐབས་གང་ཞིག་ལས་ཀྱང་གལ་འགངས་ཆེ་བ་ཡོད།  རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཐོག་ནས་ཕྱིར་སྡོད་སྤུན་ཟླ“ཀྲུང་གོའི་གཏམ་རྒྱུད”ནང་ཞུགས་རྒྱུའི་ཡིད་དབང་འགུག་པ་དང་།  ཕྱིར་སྡོད་སྤུན་ཟླར་བརྟེན་ནས“ཀྲུང་གོའི་གཏམ་རྒྱུད”ཡག་པོ་བརྗོད་པ།  “ཕྱིར་བསྐྱོད་ནས”ཕྱིར་སྡོད་སྤུན་ཟླར“ཀྲུང་གོའི་གཏམ་རྒྱུད”ཡག་པོ་བརྗོད་དགོས་ཞེས་ནན་བཤད་གནང་བ་རེད།

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་།  ཀྲུའུ་རེན་བློ་བཟང་རྒྱལ་མཚན།  ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་རྟོག་ཞིབ་ཚོགས་པ་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཕྱིར་སྡོད་སྤུན་ཟླར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

 ཁོང་གིས་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླས་མང་ཙམ་ཕེབས་པ་དང་མང་ཙམ་གཟིགས་ཏེ་རང་ཉིད་ཀྱི་མཐོང་ཚོར་དང་རང་ངོ་མའི་མྱོང་ཚོར་ལ་བརྟེན་ནས་དོན་དངོས་དངོས་ཡོད་དང་།  དར་རྒྱས་གོང་འཕེལ།  འདྲ་མཉམ་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་རྒྱལ་ཁབ་ཁག་གི་མི་དམངས་ལ་ངོ་སྤྲོད་བྱས་ནས།  མི་དེ་བས་མང་བས་བོད་ཀྱི་འགྱུར་ལྡོག་ཤེས་ཐུབ་པའི་རེ་བ་ཡོད་ཅེས་གསུངས།

རྟོག་ཞིབ་གནང་རིང་།  རྒྱལ་ཁབ་ཁག་15ནས་ཡོང་བའི་ཕྱིར་སྡོད་སྤུན་ཟླས་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།  བོད་དུ་རྟོག་ཞིབ་བྱས་རྗེས་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་མིག་མཐོང་ལག་ཟིན་བྱུང་བ་དང་།  བོད་ཀྱི་སྲོལ་རྒྱུན་མི་རིགས་རིག་གནས་ཀྱི་ཁྱད་འཕགས་ཉམས་འགྱུར་ཡང་ཚོར་བྱུང་ལ།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་འཚོ་བའང་མཐོང་བྱུང་།  ཕྱིས་སུ་འཛམ་གླིང་ཡོངས་ལ་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཡར་ངོའི་ཟླ་ལྟར་འཕེལ་བའི་བོད་ལྗོངས་གསར་པ་སྟོན་ངེས་ཡིན་ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།