ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་པ།

| 2019-07-23 12:21:15

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས།  ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་འགོ་ཁྲིད་ཚོགས་ཆུང་གིས《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ།  ས་ཁུལ་ཁག་དང་། སྡེ་ཚན་ཁག  ཚན་པ་ཁག་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་།  གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་རྩེ་རང་ལ་གཏད་པའི་བློ་སྟོབས་ལ་བརྟེན་པ།  ལག་ལེན་དངོས་ཀྱི་ཐོག་ནས་གནད་དོན་ཐག་གཅོད་ཐུབ་པར་བྱེད་པ་བཅས་ཀྱི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་བཏོན་པའི་ཕྱོགས་བརྒྱད་ཐད་ཀྱི་གནད་དོན་འབུར་དུ་ཐོན་པར་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་བསྟན་དོན།  ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་གི་ཕྱོགས་བརྒྱད་ཐད་ཀྱི་གནད་དོན་འབུར་དུ་ཐོན་པ་ནི་ཏང་ཀྲུང་དབྱང་གིས་མིག་སྔར་སྒྲུབ་བཞིན་པའི་བྱ་བ་དང་ཟུང་འབྲེལ་ཐོག་ཏང་ནང་གནས་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱ་རྒྱུར་དམིགས་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།  ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།  “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཆེད་དོན་བཅོས་སྒྲིག་གི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས།

བརྡ་ཐོའི་ནང་ནན་བཤད་བྱས་དོན།  ཁག་དང་པོའི་ཚན་པ་ཁག་གིས་དང་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ངོ་ལྐོག་གཡོ་ལྷད་བྱེད་པ་སོགས་ཕྱོགས་ལྔའི་ཐད་ཀྱི་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས།  མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཕྱོགས་གསུམ་ཐད་ཀྱི་གནད་དོན་ལ་དམིགས་ཏེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་བཅོས་སྒྲིག་བྱ་རྒྱུར་དོ་སྣང་བྱས་ནས་གནད་དོན་གྱི་གསལ་ཐོ་རིམ་བཞིན་ཚགས་ཚུད་དུ་གཏོང་བ་དང་།  རང་ངོས་ནས་རྒྱུ་རྐྱེན་འཚོལ་བ། དག་ཐེར་ལ་དམ་འཛིན་བཅས་བྱེད་དགོས།  ཁག་གཉིས་པའི་ཚན་པས་སྔོན་ལ་བྱ་སྤྱོད་སྤེལ་ནས་བཅོས་སྒྲིག་ཐུབ་རིགས་དུས་ཚོད་དམ་འཛིན་ངང་བཅོས་སྒྲིག་བྱེད་དགོས།

བརྡ་ཐོའི་ནང་བསྟན་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ངོ་ལྐོག་གཡོ་ལྷད་བྱེད་པའི་གནད་དོན་བཅོས་སྒྲིག་བྱེད་དགོས།  ལག་བསྟར་དོན་འཁྱོལ་བྱ་ཚུལ་ཐད་རང་བཤེར་རང་བཅོས་དང་། རིམ་པ་བཞིན་གསེད་བཀྲོལ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རྩིས་ཐོ་བཟོ་བ་བཅས་བྱེད་དགོས།  གཙོ་གནད་འདི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱུང་མིན་དང་།  གནད་དོན་ཐག་གཅོད་ཐུབ་མིན། གནས་སྟངས་ལ་འགྱུར་ལྡོག་བྱུང་མིན་བཅས་ལ་ལྟ་དགོས།  དོན་འཁྱོལ་བྱས་ཟིན་རིགས་སྲ་བརྟན་གོང་མཐོར་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།  དོན་འཁྱོལ་བྱ་རྒྱུའམ་ཡང་ན་དམིགས་སར་དོན་ཐོག་ཏུ་འཁྱོལ་མེད་རིགས་ཀྱི་རྒྱུ་རྐྱེན་རེ་རེ་བཞིན་རྩད་གཅོད་བྱས་ཏེ་དུས་བཀག་གི་བླང་བྱ་དང་ལས་ཀའི་བྱ་ཐབས་གསལ་པོ་བཟོ་དགོས།  ལས་དོན་ཏན་ཏིག་མ་སྒྲུབ་པ་དང་གནད་དོན་དོན་འཁྱོལ་མ་ཐུབ་པའི་རིགས་གནས་ཚུལ་གྱི་དབྱེ་བ་ཕྱེ་ནས་འགན་འཁྲི་བདའ་འདེད་གཏོང་དགོས།  བཅོས་སྒྲིག་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་གྲུབ་པར་བྱེད་དགོས།  འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པའི་གནད་དོན་བཅོས་སྒྲིག་བྱེད་དགོས།  བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་གཏོང་། གྲུབ་ཆ་ལེགས་སྒྲིག  དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག  བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དམ་པོར་དམིགས་ཏེ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་མ་གཏོང་བ་དང་།  ལྷག་པར་དུ་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་དང་།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་དཀའ་གནད་སེལ་བ།  འགག་རྩའི་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་གྱི“སྐེ་འགག་གཏོང་བའི”གནད་དོན་ཐག་གཅོད་བྱེད་པ།  ཏང་འཛུགས་སྐྱོང་ལ་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་།  ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ།  ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་ཡག་པོ་མ་བྱུང་བ་དང་།  མཛུབ་སྟོན་སྐུལ་གཏོང་ཐད་ཤུགས་སྣོན་རྒྱག་རྒྱུ་མི་འདང་བ།  གནད་དོན་ལ་ཁ་ཕྱོགས་མི་ཕོད་པ་དང་འགལ་ཟླ་སེལ་མི་ཕོད་པ།  ལས་ཀར་ཡུན་རིང་ངོ་བོའི་རང་བཞིན་གྱི་འཕེལ་རིམ་མ་ཐོན་པ།  མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་ཡུན་རིང་ཐག་གཅོད་མ་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་སྙིང་སྟོབས་ཆེར་སྐྱེད་མེད་པ་དང་འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པའི་སྤྱོད་ཚུལ་ངན་པར་ཞིབ་བཤེར་གཏིང་ཟབ་དང་ཡོ་བསྲང་ཚགས་ཚུད་བྱས་ཏེ་རེ་རེ་བཞིན་བཅོས་སྒྲིག་བྱེད་དགོས།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་མངོན་གསལ་དོད་པོ་བཅོས་སྒྲིག་བྱེད་དགོས།  སྒྲིག་འགལ་ངང་བཟའ་འཐུང་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ།  སྒྲིག་འགལ་ངང་གཉེན་སྒྲིག་དང་འདས་མཇུག་གཉེར་བ་སོགས་ཀྱི་གནད་དོན་ལ་དམིགས་པ།  འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་རིགས་ཁག་གི་བགྲོ་གླེང་ཚོགས་འདུ་དང་གླེང་སྟེགས་སོགས་ལ་ཞུགས་པའི་གནད་དོན་ལ་དམིགས་ཏེ་བཅོས་སྒྲིག་དམ་འཛིན་ནན་པོ་བྱེད་དགོས།  ཀྲུང་དབྱང་གི་བླང་བྱ་དང་ལས་ཀའི་དོན་དངོས་གཞིར་བཟུང་ལམ་ལུགས་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་དགོས།  རིམ་པ་བཞིན་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བའི་གནད་དོན་བཅོས་སྒྲིག་བྱེད་དགོས།  “གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལོའི”ལས་དོན་བླང་བྱ་གཞིར་བཟུང་།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩིས་ནས་རིམ་པ་མང་པོ་བརྒྱུད་ནས་ཡིག་ཆ་སྤྲོད་པ་དང་།  རིམ་པ་མང་པོ་བརྒྱུད་ནས་ཚོགས་འདུ་འཚོགས་པ།  ལྟ་སྐུལ་ལྟ་ཞིབ་ཀྱི་དཔྱད་ཞིབ་ལས་དོན་མང་དྲགས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་རེ་རེ་བཞིན་དག་ཐེར་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས།

བརྡ་ཐོའི་ནང་བླང་བྱ་བཏོན་དོན།  མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་བཅོས་སྒྲིག་བྱེད་དགོས།  དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་དམིགས་པ་དང་།  སློབ་གསོ་སྨན་བཅོས་དང། ཁོར་ཡུག་སྲུང་སྐྱོང་།  བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་དམིགས་པ།  མང་ཚོགས་ཀྱི་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང“རུལ་སུངས་ཙག་ཙིག”གི་གནད་དོན་ལ་དམིགས་པ།  བསྡོམས་རྩིས་རྫུན་བཟོའི་གནད་དོན་ལ་དམིགས་པ་བཅས་ཀྱི་སྒོ་ནས་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་དགོས།  གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་བཅོས་སྒྲིག་བྱེད་དགོས།  གྲོང་གསེབ་གཙོ་བོར་བྱེད་པ་དང་རྫོང་ཚན་པར་བྱས་ནས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ལ་གཅིག་སྡུད་ཐོག་གྲལ་བཤེར་དང་།  བསྡུར་ཚད་གཏན་འཁེལ་མི་བྱེད་པར་བཅོས་སྒྲིག་བྱེད་དགོས་རིགས་ལ་བཅོས་སྒྲིག་བྱས་ཏེ“གྲོང་ཚོ་རེར་ཐབས་ཇུས་རེའི”བཅོས་སྒྲིག་བྱ་ཐབས་བཟོ་དགོས།  ཁྲོམ་གཞུང་སྡེ་ཁུལ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས།  སྤྱི་ཚོགས་རྩ་འཛུགས་སོགས་ཁྱབ་ཁོངས་གཞན་དག་གི་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་རིམ་པ་བཞིན་གྲལ་བཤེར་མཐིལ་རྟོགས་དང་།  མངོན་གསལ་དོད་པའི་གནད་དོན་འཚོལ་བ།  གནད་སྨིན་ཇུས་བསྟར་བཅས་ཀྱི་སྒོ་ནས་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ།  གྲོང་གསེབ་ཀྱི་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གྲལ་བཤེར་ཐག་གཅོད་ཀྱི་ཚོད་ལྟའི་ལས་དོན་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས།  ཆགས་སྲེད་དང་། རྒྱན་འགྱེད། དུག་འཐེན།  ནག་གཤེད་སྟོབས་ཤུགས་བཅས་རང་དགར་འཇོག་པ་དང་ཐ་ན་སྲུང་གདུགས་བྱེད་པའི་གནད་དོན་བཅོས་སྒྲིག་བྱེད་དགོས།

བརྡ་ཐོའི་ནང་བསྟན་དོན།  ཆེད་དོན་བཅོས་སྒྲིག་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆེད་དོན་བཅོས་སྒྲིག་དེ་སློབ་སྦྱོང་སློབ་གསོ་དང་།  བརྟག་དཔྱད་ཞིབ་འཇུག  ལྟ་ཞིབ་གནད་དོན་བཅས་དང་སྦྲེལ་མཐུད་བྱས་ནས་ཁག་གཉིས་པོའི་བརྗོད་དོན་གཙོ་བོའི་སློབ་གསོར་ཁྱབ་པ་བྱས་ཏེ།  གོང་འོག་མཉམ་འགུལ་དང་སྡེ་ཚན་དབར་གྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས།  རྣམ་གྲངས་ལ་སྐུལ་འདེད་བཏང་ནས་ཆེད་དོན་བཅོས་སྒྲིག་ཚང་མའི་འཇུག་གཞི་འཚོལ་བ་དང་།  དམིགས་ཚད་དང་ལས་འགན་གཏན་འཁེལ། འགན་འཁྲིའི་བྱེད་པོ་དང་། འཕེལ་རིམ་དུས་བཀག  ལས་ཀའི་བྱ་ཐབས་བཅས་ཁ་གསལ་བཟོས་ཏེ་དོན་ཚན་དང་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།  བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་།  ཐག་གཅོད་བྱེད་ཐུབ་པའི་གནད་དོན་འཕྲལ་མར་ཞིབ་བཤེར་དང་བཅོས་སྒྲིག་བྱེད་དགོས།  སྐབས་ཤིག་རིང་ཐག་གཅོད་མི་ཐུབ་པའི་གནད་དོན་ལ་དུས་མཚམས་ཀྱི་དམིགས་ཚད་བཟོས་ནས་ལྷོད་གཡེང་མི་གཏོང་བར་མུ་མཐུད་བཅོས་སྒྲིག་བྱས་ཏེ་ཐག་གཅོད་མ་ཐུབ་པའི་རིགས་ལ་ལྷོད་གཡེང་མི་གཏོང་བ་དང་།  ཐག་གཅོད་དཔྱིས་ཕྱིན་པ་མ་བྱུང་ཚེ་ལྷོད་གཡེང་མི་གཏོང་བ།  མང་ཚོགས་ཀྱིས་ཁས་མ་བླངས་ཚེ་མཚམས་མི་འཇོག་པ་བཅས་བྱེད་དགོས།  དུས་ངེས་མེད་དུ་ཆེད་དོན་བཅོས་སྒྲིག་བྱ་ཚུལ་ལ“ཕྱིར་ལྟ”བྱེད་དགོས།(བདེ་སྐྱིད་སྒྲོལ་དཀར་དང་ཚེ་ཁོས་སྒྱུར་ཞུས་བྱས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།