རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

| 2019-07-23 12:21:15

འདི་ག་ཚགས་པར་ཁང་དུ་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ།  ཚེས་16ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་བ་དང་འབྲེལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་སྐབས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང“གནད་ལ་འཁེལ་བ་བཞིར”དམ་འཛིན་བྱ་རྒྱུར་དོ་སྣང་བྱེད་དགོས་པ་སྟེ།  གཅིག་ནི་བསམ་བློའི་ངོས་འཛིན་གནད་ལ་འཁེལ་རྒྱུར་དམ་འཛིན་བྱེད་པ་དང་།  གཉིས་ནི་གནད་དོན་ལ་ཞིབ་ལྟ་བྱ་རྒྱུ་གནད་ལ་འཁེལ་རྒྱུར་དམ་འཛིན་བྱེད་པ།  གསུམ་ནི་དག་ཐེར་དོན་འཁྱོལ་གནད་ལ་འཁེལ་རྒྱུར་དམ་འཛིན་བྱེད་པ།  བཞི་ནི་རྩ་འཛུགས་ཀྱི་འགོ་ཁྲིད་གནད་ལ་འཁེལ་རྒྱུར་དམ་འཛིན་བཅས་བྱེད་དགོས་པ་དེ་རེད།  དེས་ན་རང་ལྗོངས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་སྤེལ་བ་དང་སྦྲགས།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དམ་འཛིན་ནན་པོ་བྱས་ཏེ་སྒྲིག་འཛུགས་ཞིབ་ཚགས་དང་།  ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།  བྱེད་སྟངས་དང་བྱེད་ཐབས་སྣ་མང་སྤྱོད་པ།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་བཏང་སྟེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།  བརྟག་དཔྱད་ཞིབ་འཇུག་ལ་སྐུལ་འདེད་ཧུར་ཐག་གཏོང་བ།  བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དངོས་ཕན་ཐོབ་པའི་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚེས་17ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱི་བཀའ་མངགས་ལྟར།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།  མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམིགས་ནས།  ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་རྒྱུའི་ཐད་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད།

ཉེ་ཆར།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་ལས་ཁུངས་དང་ཁོངས་གཏོགས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་དུ་ཅིང་ཀང་རི་བོའི་སྙིང་སྟོབས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།  ཚང་མས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཐོབ་སླ་བ་ཞིག་མིན་པས།  ངེས་པར་དུ་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ཏེ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཚེས་15ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་དྲུང་ཆེ།  གཞུང་དོན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀྲུའུ་ཆང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར《ཐོག་མའི་བསམ་འདུན་མ་བརྗེད་པར་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པ་ཞུ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་ཏང་གི་སློབ་ཚན་གྱི་ཟུར་ཁྲིད་སྙན་ཞུ་ཕུལ་བ་རེད།

ཉེ་ཆར།  ལྗོངས་སྤྱི་བདེ་ཐིང་གི་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།  ཚོགས་འདུའི་ཐོག  བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་སྔར་བས་ངོས་འཛིན་བྱེད་པ་དང་།  བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་བླང་བྱ་སྔར་བས་ཁོང་དུ་བརྟན་པོ་ཆུད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

ཚེས་16ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ཐིང་དེའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་འཇིགས་མེད་གདན་དྲངས་ཏེ་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཡོངས་ལ《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

ཉེ་ཆར།  ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་ཡིས“ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་ཁུར་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པའི་འགན་ལེན་བྱས་པ་རེད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།