ཆེ་དགྲ་ལྷས་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོས་ཚོད་ལྟའི་ལས་དོན་ལ་བརྟག་ཞིབ་གནང་བ།

| 2019-07-23 12:21:13

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་སླར་ཡང་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་བུ་རི་གྲོང་ཚོར་ཕེབས་ནས་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོས་ཚོད་ལྟའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

སྲིན་བུ་རི་གྲོང་ཚོའི་གང་སར་ཚ་ཚ་འུར་འུར་གྱི་འཛུགས་སྐྲུན་རྣམ་པ་མངོན་པ་དང་།  ཁང་པ་བཀོད་སྒྲིག་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ།  ལེ་ལག་ཚང་བའི་ཐོན་ལས་འཛུགས་སྐྲུན་སོགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།  ཆེ་དགྲ་ལྷས་འཆར་འགོད་རི་མོར་གཞིགས་ནས་དབྱེ་ཞིབ་ཞིབ་ཚགས་གནང་བ་མ་ཟད།  འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་མི་སྣར་འབྲེལ་གཏུག་དང་སྤེལ་རེས་ཞིབ་ཕྲ་གནང་ཡོད།  ཆེ་དགྲ་ལྷས་ད་དུང་འཛུགས་སྐྲུན་བྱས་ཚར་གྲབས་ཡོད་པའི་གནས་སྤོས་ཁང་པ་ཞིག་ནང་ཕེབས་ནས་ཁང་མིག་རེ་རེའི་བཀོད་པ་ལུགས་མཐུན་ཡིན་མིན་དང་བཟོ་སྐྲུན་རྒྱུ་ཆ་བེད་སྤྱོད་སོགས་ཀྱི་གནས་ཚུལ་རེ་རེ་བཞིན་ལ་གཟིགས་ཞིབ་གནང་བ་རེད།

བརྟག་ཞིབ་གནང་རིང་། ཆེ་དགྲ་ལྷས་ནན་བཤད་གནང་དོན།  “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།  རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ།  སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་མ་གནས་ལ་ཚོད་འཛིན་ནན་པོ་བྱེད་པ།  ལས་ཡུན་ལྡོག་རྩིས་རྒྱག་པ།  རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་སྙན་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།  རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ།  མི་འབོར་ཚད་ལྡན་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།  ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་སྒྲིག་བཀོད་ཐད་ཤུགས་སྣོན་བརྒྱབ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གནས་སྤོས་ཡུལ་མིའི་རྗེས་མཐུད་འཕེལ་རྒྱས་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།