ཁག་གསར་པའི་སློབ་གསོའི་ཤེས་ལྡན་མི་སྣ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་སྦྲེལ་མཐུད་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-17 11:41:28

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་15ཉིན་གནས་ཚུལ་འབྱོར་གསལ།  ཚེས་11ཉིན་ཁག་གསར་པའི་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་སྦྲེལ་མཐུད་མཐུན་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་ཕེབས་པ་རེད།

ཆེ་དགྲ་ལྷས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་།  ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་སློབ་གསོ་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ།  མི་སྤྱི་པུའུ་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་སེམས་འཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་།  བོད་སྐྱོར་ཚོགས་པ་ཁག་དང་བོད་སྐྱོར་དགེ་རྒན་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།  ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་ང་ཚོས་སྔར་རྒྱུན་བཞིན་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་།

སྔར་རྒྱུན་བཞིན་སློབ་གསོའི་བོད་སྐྱོར་ཤེས་ལྡན་མི་སྣར་ཞབས་འདེགས་ཡག་པོ་ཞུ་བ་དང་འགན་ལེན་ཡག་པོ་བྱེད་པ།  སྔར་རྒྱུན་བཞིན་བོད་ཀྱི་སློབ་གསོའི་བྱ་གཞག་སྐྱེད་སྲིང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཏེ་འབྲེལ་མཐུད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་ཐོག་ཚད་གཞི་ལོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་ནུས་ཤུགས་ཡོད་རྒྱུས་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་རིང་འབྲེལ་ཡོད་ཚན་པ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་དང་སློབ་གསོ་པུའི་མི་རིགས་སློབ་གསོ་སིའི་འགན་ཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཁག་གསར་པའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་ནས་རོགས་སྐྱོར་ཐོབ་ཡུལ་སློབ་གྲྭའི་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་ཏན་ཏིག་གཏོང་བ་དང་།  རོགས་སྐྱོར་ཐོབ་ཡུལ་སློབ་གྲྭའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ།  རོགས་སྐྱོར་ཐོབ་ཡུལ་སློབ་གྲྭའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  མི་རིགས་ཁག་གི་དགེ་སློབ་དབར་འགྲོ་འོང་དང་། སྤེལ་རེས།  མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།  ཆ་འཕྲིན་ཅན་གྱི་སློབ་གསོའི་ལེགས་ཆ་འདོན་སྤེལ་བྱས་ནས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོའི་ཐད་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།