“ཁུང་ཧྥན་སེན་གྱི་སྙིང་སྟོབས”ཟོལ་མེད་རྒྱུན་འཛིན་བྱེད་མཁན།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-17 11:41:27

2019ལོའི་ཟླ་3ཚེས་28ཉིན་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ་དང“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”གཏན་འཁེལ་བྱས་ནས་ལོ་10འཁོར་བའི་མཚམས་སུ་གམ་པ་རྫོང་དུ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

ཉིན་དེར་ངག་དབང་ཆོས་ཉིད་ཀྱིས་ཚང་མའི་ཁ་ཏར་མ་ཉན་པར་གྲང་ངར་དང་ན་ཟུག་ཁྱད་བསད་ཀྱིས་བཟའ་ཟླའི་སྐྱོར་རོགས་འོག་གོམ་སྟབས་ཁྱར་ཁྱོར་ངང་སྒྲོག་འགྲེལ་སྟེགས་བུའི་ཐོག་བསྐྱོད་དེ་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་བོད་གསར་རྙིང་གི་འགྱུར་ལྡོག་སླར་ཡང་གླེང་།

སྐད་གདངས་ཅུང་དམའ་ཡང་སྐད་ཆ་བབ་ཆགས་པ་དང་བརྩེ་བ་ལྷད་མེད་ཅིང་།  སྡིངས་ཆའི་ཐོག་གི་ངག་དབང་ཆོས་ཉིད་རང་དབང་མེད་པར་མིག་ཆུ་ཁྲུམ་ཁྲུམ་དུ་ཤོར་བས།  སྡིངས་ཆའི་འོག་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱང་སེམས་འགུལ་ཐེབས་ནས་མིག་ཆུ་ལྷུང་ལྷུང་དུ་ཤོར་བ་དང་སྤྲོ་སེམས་འཁོལ་བའི་དགའ་བསུའི་སྒྲ་བར་མཚམས་མེད་པར་གྲགས་ཏེ་གྲང་ཟུག་ཆེ་བའི་རྫོང་གྲོང་གི་ཚོགས་ཁང་དེ་མ་ཉིད་དུ་དྲོ་སོབ་སོབ་ཏུ་གྱུར།

དེ་ནི་ངག་དབང་ཆོས་ཉིད་ཀྱིས་མི་མང་འདུ་སར་སྒྲོག་འགྲེལ་བྱེད་ཐེངས་མཐའ་མ་དེ་རེད།

ཟླ་བ་གཉིས་ཀྱི་རྗེས་ཏེ། ཟླ་6ཚེས་4ཉིན་ངག་དབང་ཆོས་ཉིད་ཀྱི་སྐུ་ཚེའི་འཕེན་པ་རྫོགས།

“ང་ངག་དབང་ཆོས་ཉིད་སྟོད་ལུང་བདེ་ཆེན་དུ་སྐྱེས་ཀྱང་འཆི་དུས་གམ་པར་ཤི་རྒྱུ་བྱུང་ན་བསམ་དོན་འགྲུབ་སོང”ཞེས་ལོ་བཞི་བཅུ་ལྷག་ཙམ་གོང་ངག་དབང་ཆོས་ཉིད་ཀྱིས་མུ་ལ་མུ་ཁྱུད་ཀྱི་གངས་རི་ཧི་མ་ལ་ཡའི་འདབས་སུ་བརྗིད་ཆེའི་དམ་བཅའ་དེ་བཞག

 དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་གནས་ཚུལ་ཁག་གཅིག་བརྗེད་སྲིད་ནའང་ཁུང་ཧྥན་སེན་གྱི་ཕུགས་བསམ་དང་དད་སེམས་རྒྱུན་འཛིན་དང་།  ཁུང་ཧྥན་སེན་གྱི་སྙིང་སྟོབས་དང་སྤྱོད་ཚུལ་དར་སྤེལ་བཏང་ནས་མི་མང་པོ་སེམས་འགུལ་ཐེབས་སུ་འཇུག་མཁན་གྱི་གུང་ཁྲན་ཏང་ཡོན་འདི་ལྟ་བུ་ཞིག་ཡོད་པ་མི་ཚོས་ནམ་ཡང་བརྗེད་མི་སྲིད།

“ངས་ཧྲུའུ་ཅིའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ནམ་ཡང་ཁོང་གིས་ཕྱག་ལས་གནང་མྱོང་བའི་ས་ཆར་སྡོད་ཀྱི་ཡིན”

ངག་དབང་ཆོས་ཉིད་1978ལོར་བོད་ལྗོངས་མི་རིགས་སློབ་གླིང(ད་ཆའི་བོད་ལྗོངས་མི་རིགས་སློབ་ཆེན་ཡིན་པ)སྐད་ཡིག་ཚན་ཁག་ནས་ཐོན་རྗེས་གཞིས་རྩེ་ས་ཁུལ་གམ་པ་རྫོང་གྲང་རླུང་ཤང་དུ་ལས་བགོས་བརྒྱབ།

སྐབས་དེ་དུས་ས་ཆ་དེར་མཐོ་གྲང་གསོ་རླུང་དཀོན་པ་དང་ཆུ་དང་གློག་མེད་ལ།  རྫོང་ཡོངས་སུ་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་གཅིག་དང་རྟ་གསུམ་ལས་མེད།  མ་གཞི་རང་ཉིད་སྐྱེས་ས་འཚར་ས་ས་མཐོར་ཡིན་ཡང་།  གྲོང་ཁྱེར་ཆེན་པོ་ནས་སློབ་གྲྭ་ཐོན་མ་ཐག་པའི་ཁོང་གི་ངོས་ནས་བརྗོད་ན་ས་ཆ་གཉིས་ཀྱི་ཧེ་བག་ལས་སྔར་བྱུང་མྱོང་མེད་པའི་སེམས་སྡུག་ཅིག་ངམ་ངམ་ཤུགས་ཀྱིས་སྐྱེས།

རང་བྱུང་གི་ཁོར་ཡུག་ཞན་པ་དང་འཚོ་གནས་ཀྱི་ཆ་རྐྱེན་སྐྱོ་པོ་ཡོད་པས་ངག་དབང་ཆོས་ཉིད་ཀྱི་སེམས་སྐྱོ་སྣང་བྱུང་རུང་ཁོང་གིས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་སྤྱད་ནས“ཕ་ཡུལ་གཉིས་པའི”ཆེད་དུ་བྱ་བ་བསྒྲུབ་རྒྱུའི་སེམས་ཐག་བཅད།

ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་མང་དུ་གཏོང་རྒྱུ་ནི་ངག་དབང་ཆོས་ཉིད་ལ་འཕྲད་པའི་གནད་དོན་དང་པོ་དེ་རེད།

སྐབས་དེ་དུས་ངག་དབང་ཆོས་ཉིད་ཀྱིས་ལུད་གསོག་པ་དང་ལུད་འདོན་པ་སོགས་བྱས་ནས་ཉིན་གང་པོ་ལྷས་རའི་ནང་སྡོད་པ་དང་།  དེའི་དབང་གིས་ལུས་ཧྲིལ་པོར་དྲི་ངན་བྲོ་ཡང་སྣང་བ་སྤུ་ཙམ་ཡང་གཏོང་གི་མེད།  བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པའི་དཔེ་ལྟར།  ལོ་གཅིག་ལྷག་ཙམ་ཚོད་ལྟ་དང་འཚོལ་ཞིབ་བྱས་པ་བརྒྱུད་ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་རིམ་བཞིན་འཕར་ཡོད།

1979ལོར་ཁུང་ཧྥན་སེན་བོད་དུ་ལས་དོན་སྒྲུབ་པར་ཕེབས་ནས་གམ་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར།  ལས་ཀའི་དགོས་མཁོའི་དབང་གིས་འཇོན་ཐང་ཆེ་བའི་ངག་དབང་ཆོས་ཉིད་རྫོང་གྲོང་དུ་འཐེན་ནས་ཁུང་ཧྥན་སེན་དང་མཉམ་དུ་ལས་དོན་སྒྲུབ་འགོ་ཚུགས།

གམ་པ་རྫོང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4100ལྷག་ཙམ་ཟིན་པ་དང་།  རི་ལམ་གཟར་ཞིང་ཀྱག་ཀྱོག་ཆེ་བས་འགྲིམ་འགྲུལ་སྟབས་བདེ་པོ་གཏན་ནས་མེད།  ཤང་དུ་བསྐྱོད་སྐབས་རྟ་བཞོན་དགོས་ཀྱང་ལོ་གཉིས་ལྷག་ཙམ་རིང་ངག་དབང་ཆོས་ཉིད་ཀྱིས་ཁུང་ཧྥན་སེན་གྱི་རྗེས་སུ་འབྲངས་ནས་ས་མཐོའི་འབྲོག་ར་དང་ཞིང་ནང་སོགས་གམ་པའི་ས་ཆ་གང་སར་བསྐྱོད།

ངག་དབང་ཆོས་ཉིད་ཀྱི་བཟའ་ཟླ་ཉི་མའི་དྲན་པའི་ངོས་ནས་བརྗེད་ཐབས་བྲལ་བ་ནི་ངག་དབང་ཆོས་ཉིད་ཀྱིས་ཧྲུའུ་ཅི་ཁུང་ཧྥན་སེན་གྱི་རྗེས་སུ་འབྲངས་ནས་གྲང་རླུང་ཤང་དུ་ཆུ་མཛོད་སྐྲུན་པར་བསྐྱོད་ཅིང་།  ལས་ཡུལ་དུ་ཚ་བ་ཤིན་ཏུ་ཆེ་ཡང་ཚང་མ་ལས་ཀའི་སྤྲོ་སེམས་ཤིན་ཏུ་ཆེ་བས་སྟོད་གོས་ཆ་ཚང་ཕུད་དེ་ལས་ཀ་ཧུར་ཐག་བྱས་ནས་ས་རྡོ་མང་པོ་དབོར་བས།  ཧྲུའུ་ཅི་ཁུང་ཧྥན་སེན་དང་ངག་དབང་ཆོས་ཉིད་ཀྱི་དཔུང་པ་དང་། སྒལ་པ།  ལག་པ་བཅས་ལ་རྨ་བཟོས་ཡོད་ཀྱང་སྡུག་རྩ་བ་ནས་མེད་པར་ཐོག་མཐའ་བར་གསུམ་དུ་ལས་ཡུལ་དུ་ལས་ཀ་བྱས་ནས་བསྡད་པ་དེ་རེད།

“ཧྲུའུ་ཅི་ཁུང་ཧྥན་སེན་ནི་ཏང་གིས་མངགས་པའི་ལས་བྱེད་པ་བཟང་པོ་ཞིག་རེད།  ཧྲུའུ་ཅི་དང་མཉམ་དུ་ལས་ཀ་ལོ་གཉིས་བྱེད་རིང་ངས་གུང་ཁྲན་ཏང་མིའི་ལུས་ཐོག་གི་དམིགས་བསལ་གྱི་ཀུན་སྤྱོད་བཟང་པོ་དེ་ཤེས་བྱུང་།  མ་གཞི་ལས་ཀ་དཀའ་ལས་ཆེ་ཡང་སྤྲོ་སྣང་དང་དོན་སྙིང་ལྡན་པ་ཞིག་རེད།  དེ་ནི་ངས་ཚེ་གང་རིང་བརྗེད་པར་དཀའ་བའི་མྱོང་བ་ཟབ་ཤོས་དེ་ཡིན”མ་གཞི་ཁུང་ཧྥན་སེན་དང་མཉམ་དུ་ལས་ཀ་ལོ་གཉིས་ལས་བྱས་མེད་ཀྱང་དེས་ངག་དབང་ཆོས་ཉིད་ཀྱི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད།

1992ལོར་ཏང་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ངག་དབང་ཆོས་ཉིད་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

“ཁུང་ཧྲུའུ་ཅི་ནི་ངའི་མིག་དཔེ་ཡིན།  ང་ནམ་ཡང་ཁོང་གིས་ཕྱག་ལས་གནང་མྱོང་བའི་ས་ཆ་འདིར་སྡོད་ཀྱི་ཡིན”ཞེས་ཏང་ནང་ཞུགས་པའི་ཉིན་དེ་ནས་བཟུང་ངག་དབང་ཆོས་ཉིད་ལ་ཏང་གི་ལས་བྱེད་པ་ཞིག་བྱེད་དགོས་པ་མ་ཟད།  ལས་བྱེད་པ་བཟང་པོ་ཞིག་དེ་བས་ཀྱང་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

དེ་ནས་བཟུང་ཁོང་གིས་ཁུང་ཧྥན་སེན་དང་མཉམ་དུ་བསྒྲོན་པའི་སྐུ་པར་ལུས་ཐོག་ཏུ་འཁྱེར་ནས་རང་ཉིད་ལ་དྲན་སྐུལ་གཏོང་གི་ཡོད།  ངག་དབང་ཆོས་ཉིད་ཀྱིས་སྔ་རྗེས་སུ་གམ་པ་རྫོང་སྨོན་སྡེ་ཆུས་དང་།  སྲིད་གཞུང་གཞུང་དོན་ཁང་། རིག་གནས་སློབ་གསོ་ཅུས།  དགོན་པ་ལྷ་བུ་ཤང་སོགས་སྡེ་ཚན་7དུ་ལས་ཀ་བྱེད་མྱོང་ལ།  རྒན་ཡོལ་མ་ཞུས་བར་དུ་གམ་པ་རྫོང་ནས་ཁ་བྲལ་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།  དེས་ན་ཁོང་ནི་གམ་པ་འཛུགས་སྐྲུན་མཁན་ཞིག་ཡིན་ལ།  གམ་པ་འཕེལ་རྒྱས་ཀྱི་དཔང་པོ་ཡང་ཡིན་ཞེས་བརྗོད་ཆོག

ལོ་40ལྷག་ཙམ་རིང་།  སྒམ་པ་རྫོང་དེ་ཉིད་མང་ཚོགས་སྒོ་དོན་མ་ཐག་རི་འཛེགས་དགོས་པ་དང་འགྲིམ་འགྲུལ་ཡོ་བྱད་རྟ་དང་རྐང་པ་ཁོ་ན་ལས་མེད་པ་ནས།  ད་ཆའི་སྣུམ་ནག་ལམ་ཆེན་གང་སར་ཤར་གཏོང་ཐུབ་པ་དང་ཁྱིམ་ཚང་ཚང་མར་རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་བྱད་ཡོད་པའི་བར་དང་།  སྣུམ་བཞུའི་འོད་སྣང་ལ་བརྟེན་པ་ནས་རྒྱ་རོང་གློག་ཁང་ལས་མཇུག་འགྲིལ་ནས་གློག་གཏོང་འགོ་ཚུགས་ཏེ་གློག་མེད་པའི་ལོ་རྒྱུས་མཇུག་འགྲིལ་བའི་བར།  གཟའ་འཁོར་གཅིག་ལ་གློག་བརྙན་ཐེངས་གཉིས་ལས་བལྟ་རྒྱུ་མེད་པ་ནས་ཁྱིམ་ཚང་ཚང་མར་བརྙན་འཕྲིན་དང་མི་ཚང་མར་ལག་ཐོགས་ཁ་པར་ཡོད་པའི་བར་བཅས་ཀྱི་འགྱུར་ལྡོག་ཕྱིན་པས།  ངག་དབང་ཆོས་ཉིད་ཀྱིས་ཧྲུའུ་ཅི་ཁུང་ཧྥན་སེན་སྐུ་འཚོ་བཞུགས་སྐབས“གམ་པའི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུའི”འདུན་པ་མངོན་འགྱུར་བྱུང་སོང་ཞེས་བརྗོད།

“ཆུ་འཐུང་དུས་ཆུ་འགོ་མི་བརྗེད་པ་བྱས་ཏེ་བོད་རྙིང་པའི་ལུག་རྫི་ཆུང་ཆུང་ཞིག་གིས་བོད་གསར་པར་ཏང་དང་མི་དམངས་ཀྱི་བཀའ་དྲིན་སེམས་སུ་བཅངས་པ”

སློབ་ཆེན་ཐོན་ནས་ལས་བྱེད་པ་ཞིག་ལ་གྱུར་རུང་།  ཞིང་བྲན་གྱི་རྗེས་རབས་པ་ཞིག་ཡིན་པའི་ངག་དབང་ཆོས་ཉིད་ཀྱིས་རང་ཉིད་ཀྱི་རྩ་བ་བརྗེད་མེད།

ལོ་འགའ་ཤས་གོང་གམ་པ་རྫོང་གི་དེ་སྔའི་མི་དམངས་དྲག་ཆས་པུའི་ཁ་སྤྲོད་དུ་སྒོ་བསྟེན་སྨན་ཁང་ཞིག་ཡོད་པ་དེའི་ནང་གི་སྨན་པ་ནི་རྒྱ་རིགས་བློ་མཐུན་རེད།  སྐད་བརྡ་མི་འཕྲོད་པའི་དབང་གིས་ངག་དབང་ཆོས་ཉིད་རྟག་ཏུ་དེ་གར་སྐད་སྒྱུར་བྱེད་པར་འགྲོ་གི་ཡོད།

ཉིན་ཞིག་ངག་དབང་ཆོས་ཉིད་སླར་ཡང་སྒོ་བསྟེན་སྨན་ཁང་དེར་སྐད་སྒྱུར་བྱེད་པར་སླེབས་ཤིང་།  ཕན་ཚུན་ངོ་མི་ཤེས་པའི་བོད་རིགས་ཨ་ཅག་ལགས་ཤིག་དེ་གར་ནད་བསྟེན་པར་ཡོང་ནས་སྨན་རིན་སྤྲོད་རྒྱུ་མེད་པ་མཐོང་སྐབས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཨ་ཅག་དེའི་སྨན་རིན་སྤྲད།  དེ་དང་འདྲ་བའི་བྱ་བ་སྨན་ཁང་དེར་ཡང་སེ་ཐོན་གྱི་ཡོད།

ངག་དབང་ཆོས་ཉིད་སེམས་བཟང་ཅན་ཞིག་ཡིན་པ་མ་ཟད་སེམས་རྩ་འཁོལ་བའི་མི་ཞིག་ཀྱང་རེད།

2005ལོར་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོའི་གྲོང་མི་བཀྲ་ཤིས་དང་བཟའ་ཟླ་ཁ་རྩོད་ཤོར་ནས་བཟའ་ཚང་ཁག་ཁག་བྱས།  “བཟའ་ཚང་ཞེས་པ་ལྷ་སྐུ་བསྒྲིགས་པ་ལྟར་གང་ནས་ཡོང་།  རླུང་ཏོག་ཙམ་ལངས་མ་ཐག་ཁག་ཁག་བྱས་ན་ག་ལ་འགྲིག  བུ་ཕྲུག་ཚོ་ལའང་བསམ་བློ་གཏོང་དགོས་ཀྱི་རེད”ཅེས་ངག་དབང་ཆོས་ཉིད་ཀྱིས་གནས་ཚུལ་དེ་ཤེས་འཕྲལ་སུན་སྣང་སྤུ་ཙམ་ཡང་མེད་པར་ཁོ་གཉིས་ཀྱི་སར་ཁ་ཏ་བསླབ་བྱ་བྱེད་པར་ཐེངས་མང་བསྐྱོད་མཐར་བཀྲ་ཤིས་བཟའ་ཚོ་གཉིས་འཆམ་མཐུན་བྱུང་ཡོད།

ལོ་བཅུ་ཕྲག་ཁ་ཤས་རིང་མི་ག་ཚོད་ལ་རོགས་རམ་བྱས་མིན་དང་བྱ་བཟང་ག་ཚོད་བསྒྲུབས་མིན་ངག་དབང་ཆོས་ཉིད་རང་ཉིད་ཀྱིས་ཀྱང་གསལ་པོ་ངེས་ཀྱི་མེད།

ངག་དབང་ཆོས་ཉིད་ཀྱི་ཁྱིམ་དུ་འབྱོར་སྐབས་དུས་རབས་གོང་མར་སླེབས་པ་དང་གཉིས་སུ་མ་མཆིས་ཤིང་།  ཁང་པ་ནི་1991ལོར་བརྒྱབ་པའི་ས་ཕག་ཁང་པ་ཡིན་པས་ཚོམས་ཆེན་གྱི་གྱང་ངོས་གས་ཡོད་ལ་གསང་སྤྱོད་ངོ་དྲག་པ་ཞིག་ཀྱང་མེད།  དེའི་ཁྲོད་ཀྱི་རིན་ཐང་ཆེ་ཤོས་ནི་ཚུན་20ལྷག་ཙམ་གྱི་གཤེར་ཤེལ་གྱི་བརྙན་འཕྲིན་དེ་རེད།  ཁོང་གི་བཟའ་ཟླ་ཉི་མས་དངུལ་འཛིན་ཁ་ཕྱེ་སྐབས་དེའི་ཐོག་གི་དངུལ་གྲངས་དེ་བས་ཧ་ཅང་ཉུང་ཉུང་ཡིན་པ་ལ་སོགས་བརྗོད་ཀྱིས་མི་ལངས།

དོན་དངོས་ཐོག་སྔར་ནས་ད་བར་ངག་དབང་ཆོས་ཉིད་ཀྱི་འཚོ་བ་དེ་ཙམ་ཡག་པོ་མེད་ལ་ཐ་ན་དཀའ་ངལ་ཆེན་པོ་ཡོད་ཅེས་བརྗོད་ཆོག  གང་ལགས་ཤེ་ན་ལོ་དེ་དག་ནང་ཁོང་གི་བཟའ་ཟླར་ལས་ཀ་མེད་པའི་ཁར་ལོ་80ལ་སླེབས་པའི་སྒྱུག་པོ་ཞིག་དང་སློབ་གྲྭར་འགྲོ་བཞིན་པའི་ཕྲུ་གུ་གཉིས་ཀྱི་འགྲོ་སོང་ཆ་ཚང་ཁོང་རང་གཅིག་པུའི་གླ་ཕོགས་ལ་བརྟེན་དགོས་ཀྱི་ཡོད།

ཁོང་གི་བཟའ་ཟླས་ཀྱང་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཆེད་དེ་སྔོན་ངག་དབང་ཆོས་ཉིད་ལ་ཁོ་མོར་ལས་ཀ་འཚོལ་རོགས་ཞེས་ཐེངས་མང་བཤད་རུང་།  ཁོང་གིས་རྟག་ཏུ་ང་ཚོའི་ལྟོ་གོས་འཕྱིད་ཙམ་ཡོད་པས་ཏང་དང་རྒྱལ་ཁབ་ལ་སུན་པོ་བཟོ་མི་ཉན།  ལས་ཀའི་གོ་སྐབས་དེ་དག་ང་ཚོ་ལས་དེ་བས་དགོས་མཁོ་ཆེ་བའི་མིར་འཇོག་དགོས་ཞེས་ཤོད་ཀྱི་ཡོད།

འོན་ཀྱང་རང་ཉིད་ཀྱི་གནས་བབ་དེ་འདྲ་ཞིག་གི་འོག་ཏུའང་གང་དུ་དཀའ་ངལ་ཡོད་ན་དེ་གར་ངག་དབང་ཆོས་ཉིད་ཡོད་དེ།  ཁོང་གིས་ཟ་མཁས་འཐུང་མཁས་བྱས་ནས་བསགས་པའི་དངུལ་གྱིས་འཚོ་བ་དབུལ་བའི་མི་ལ་རོགས་རམ་བྱེད་ཀྱི་ཡོད།

ངག་དབང་ཆོས་ཉིད་ཀྱི་བུ་མོ་ཀུན་སྐྱིད་ཀྱི་མིག་ནང་རང་ཉིད་ཀྱི་ཕས་བརྩེ་བ་ཡོད་ཚད་རང་ཉིད་དང་ནང་མི་ཕུད་པའི་མི་གཞན་ཚང་མར་སྤྲད་ཡོད།  གྱོན་གོས་རྙིང་པ་ཆགས་རུང་དབྱུགས་མི་ཕོད་པར་ལྷན་པ་ཡང་ནས་བསྐྱར་དུ་བརྒྱབ་སྟེ་གྱོན་པ་དང་ཐ་ན་རང་ཉིད་ན་དུས་ཀྱང་འ་ཆད་འུ་ཐུག་གནས་སུ་མ་གྱར་བར་བཟོད་སྒོམ་བྱས་ནས་སྡོད་པ་ལས་ནད་བསྟེན་པར་འགྲོ་གི་མེད།

དེ་ལྟར་དུས་ཡུན་རིང་པོ་སོང་རྗེས་ནང་མི་ཚོ་ཡང་ཁོང་གི་བྱེད་སྟངས་ལ་གོམས་པ་མ་ཟད།  རིམ་བཞིན་ངག་དབང་ཆོས་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་གྱིས་ཁོ་ཚོར་ཡང་ཤུགས་རྐྱེན་བཟང་པོ་ཐེབས་ཡོད།  ད་ཆ་ཁོང་གི་བུ་མོ་ཀུན་སྐྱིད་ཀྱི་མིག་ནང་རང་ཉིད་ཀྱི་ཕ་ཤིན་ཏུ་རླབས་ཆེན་ཞིག་ཏུ་གྱུར་ཞིང་།  ཁོ་མོས་ང་རང་ཡང་པཱ་ལགས་དང་འདྲ་བར“ཁུང་ཧྥན་སེན་གྱི་སྙིང་སྟོབས”ལག་ལེན་བསྟར་ཏེ་སྤྱི་ཚོགས་དང་རྒྱལ་ཁབ་ལ་ཕན་པ་ཡོད་པའི་མི་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད།

“ཐོག་མའི་བསམ་འདུན་མ་བརྗེད་པར་རྒན་ཡོལ་ཞུས་རུང་གུང་ཁྲན་ཏང་མིའི་སེམས་ཤུགས་ལྷག་མ་འདོན་སྤེལ་བྱ་རྒྱུ་ཡིན”

ངག་དབང་ཆོས་ཉིད་ཁྱིམ་གྱི་དཔེ་སྒྲོམ་གྱི་དབུས་སུ《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་བཞག་པས་མངོན་གསལ་ཧ་ཅང་དོད་པོ་ཡོད།

ངག་དབང་ཆོས་ཉིད་ཀྱིས་རྟག་ཏུ་བར་གསེང་སྤྱད་དེ་ཏང་གི་རིགས་པའི་གཞུང་ལུགས་དང་།  ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ། དམངས་ཕན་སྲིད་ཇུས།  སྒྲོག་འགྲེལ་བྱེད་ཐབས་བཅས་ལ་དཀའ་སྤྱད་བརྩོན་ཞིབ་ལོ་མང་བྱས་མཐར་ཁོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

ལོ་བཅུ་ཕྲག་ཁ་ཤས་རིང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས།  སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ། དམངས་ཕན་སྲིད་ཇུས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སོགས་ངག་དབང་ཆོས་ཉིད་ཀྱིས་མི་ཤེས་པ་གཅིག་ཀྱང་མེད།

2002ལོར་ངག་དབང་ཆོས་ཉིད་རྒན་ཡོལ་ཞུ་བའི་དུས་ལ་སླེབས་པས་ཉེ་འཁོར་གྱི་མིའི་སྣང་ངོར་ཁོང་ལ་གཞི་ནས་ངལ་གསོ་ལྷོད་ལྷོད་ཅིག་རྒྱག་རྒྱུ་བྱུང་སོང་སྙམ་གྱི་ཡོད།

འོན་ཏེ་ངག་དབང་ཆོས་ཉིད་ཐོག་མཐའ་བར་གསུམ་དུ་དལ་པོར་སྡོད་མི་བཟོད་ཅིང་།  ཁོང་གིས“ང་རང་རྒན་ཡོལ་ཞུས་རུང་གུང་ཁྲན་ཏང་མིའི་སེམས་ཤུགས་ལྷག་མ་འདོན་སྤེལ་བྱས་ནས་གམ་པ་རྫོང་གི་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འདོན་བྱ་རྒྱུ་ཡིན”ཞེས་རྟག་ཏུ་བརྗོད་ཀྱི་ཡོད།

རྒན་ཡོལ་ཞུས་མ་ཐག་ངག་དབང་ཆོས་ཉིད་ཀྱིས་ལས་རོགས་རྒན་གྲས་ཚོ་དང་མཉམ་དུ་འོས་འགན་མཉམ་འགོག་རུ་ཁག་གཅིག་བཙུགས་ཤིང་།  སྤྱི་པའི་བདེ་འཇགས་དང་། འཕྲོད་བསྟེན། འགྲིམ་འགྲུལ།  ཁྱིམ་ཚང་གི་འགལ་ཟླ་སོགས་ཚང་མར་དེ་ག་ནས་དོ་དམ་བྱེད་ཀྱི་ཡོད་པ་དང་།  ལས་ཀ་དེ་ལོ་16ཏག་ཏག་བྱས་པ་ལས་སྔར་གྱི་ཁོངས་མི་3ནས་ཁོངས་མི་19བར་མང་དུ་སོང་ཡོད།

“བོད་གསར་རྙིང་བསྡུར་བ”དང་།  “སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ”“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བཅས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་བར་ལོ་བཅུ་གྲངས་རིང་སྒྲོག་འགྲེལ་གྱི་བྱེད་སྒོ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ངག་དབང་ཆོས་ཉིད་ཡེ་ནས་ཆད་མྱོང་མེད།

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་།  ངག་དབང་ཆོས་ཉིད་ཀྱིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གྱི་ཐད་གཏོགས་སྡེ་ཚན་དང་ཚན་པའི་གདན་ཞུས་ལྟར་སྒྲོག་འགྲེལ་ཐེངས་30ལྷག་ཙམ་བྱས་པས་མང་ཚོགས་ཁྲི་1ལྷག་ཙམ་ལ་ཕན་པ་ཐོབ་པ་དང་།  གམ་པ་རྫོང་ཁོངས་ཀྱི་ལས་ཁུངས་དང་། སློབ་གྲྭ ཞིང་འབྲོག་ཁུལ།  དགོན་སྡེ་བཅས་སུ་སྒྲོག་འགྲེལ་ཐེངས70ལྷག་ཙམ་བྱས་པས།  མང་ཚོགས་ཁྲི་4ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

ལོ་40ལྷག་ཙམ་རིང་ངག་དབང་ཆོས་ཉིད་ཀྱིས་གམ་པའི་འཛུགས་སྐྲུན་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་ཁོང་ལ་སྔ་རྗེས་སུ་གམ་པ་རྫོང་རིམ་པའི“ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་བྱ་དགའ”དང་།  “ཕུལ་བྱུང་གུན་ཁྲན་ཏང་ཡོན” “སྤྱི་བདེའི་ལས་དོན་གྱི་སྔོན་ཐོན་གཞོགས་འདེགས་པ”  “གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ”  “གཞིས་རྩེའི་མི་སྣ་ལེགས་ཤོས”གཞིས་རྩེ་གྲོང་ཁྱེར་རིམ་པའི“རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བཞི་པའི་སྔོན་ཐོན་མི་སྒེར”  “སྤྱི་ཚོགས་སློབ་གསོའི་ལས་དོན་གྱི་ཁག་དང་པོའི་ཕུལ་བྱུང་མི་སྒེར”  “བཟོ་ཚོགས་ལས་དོན་གྱི་ཧུར་བརྩོན་ཅན”  “ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་བརྟག་ཞིབ་ལས་དོན་གྱི་སྔོན་ཐོན་མི་སྒེར”རང་སྐྱོང་ལྗོངས་རིམ་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”རྒྱལ་ཁབ་རིམ་པའི“ཀྲུང་གོའི་མི་བཟང་བང་རིམ”ཁྲོད་གཞན་ཕན་སྒྲུབ་པར་དགའ་བའི་སེམས་བཟང་ཅན་སོགས་རག་པ་རེད།

2019ལོའི་ཟླ་6ཚེས་4ཉིན་ངག་དབང་ཆོས་ཉིད་གམ་པར་ཚེ་ལས་འདས།  ཚེ་ལས་མ་འདས་གོང་ནང་མི་ཚོར་རང་ཉིད་ཀྱི་ཕུང་པོ་མཆོད་རྟེན་ཉི་མའི་རི་རྩེར་སྐྱེལ་རྒྱུའི་ཁ་ཆེམས་བཞག་ཅིང་།  ཁོང་གིས་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་གམ་པ་རང་ཉིད་ཀྱིས་ནམ་ཡང་མཐོང་ཐུབ་རྒྱུའི་

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།