ཉིང་ཁྲིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-11 16:11:25

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ།  ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་རེད།  སྔར་ནས་ད་བར་ཉིང་ཁྲི་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱ་ཐབས་སུ་བྱས་ཏེ“གཅིག་རེ་ལྔ”(དྲ་བ་གཅིག་དང་།  གཱ་གཅིག ཁྱིམ་ཚང་གཅིག དུས་དེབ་གཅིག  ལམ་སྲོལ་གཅིག)འཛུགས་སྐྲུན་ཏན་ཏིག་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དུས་བབ་བརྟན་པོ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།

དྲ་བ་གཅིག  ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་དྲ་བ་གྲུབ་འབྲས་ཐོབ་པའི་ངང་བཏོད་ནས“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”རྣམ་པ་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མས་ཡིག་ཚགས་འཚོལ་བཤེར་དང་།  མ་དངུལ་རེ་ཞུ། སྲིད་ཇུས་མཛུབ་ཁྲིད། ཐོན་ཁུངས་ཐོབ་པ།  ལས་འཚོལ་སོགས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་ནས་གྲངས་གཞི་མང་ཙམ་འདོན་པ་དང་སློབ་མ་འགྲོ་འོང་བྱེད་ཉུང་བའི་དྲ་ཚིགས་དེ་དངོས་སུ་སྤྱོད་འགོ་ཚུགས་ཡོད།  མིག་སྔའི་བར་དེ་སྤྱོད་མཁན་3251གིས་ལས་སྟེགས་དེ་བརྒྱུད་ཡིག་ཚགས་འཚོལ་བཤེར་དང་།  ཁ་གསབ་རོགས་དངུལ་རེ་ཞུ།

ལས་ཞུགས་ལས་གཏོད་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་ཐུབ་ཡོད།  གཱ་གཅིག  ཉིང་ཁྲི་གྲོང་ཁྱེར་གྱི་ཁོའོ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཅིག་གིས་མཐོ་སློབ་སློབ་ཐོན་སློབ་མ་གཅིག་དང་ལས་ཞུགས་ལས་གཏོད་ལས་དོན་འབྲེལ་མཐུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་།  ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི“གཅིག་གཏད་གཅིག”གི་ཞབས་ཞུའི་འབྲེལ་གཏུག་གཱ་བཟོས་པ་དང་།  རོགས་སྐྱོར་འགན་འཁུར་བ་དང་མཐོ་སློབ་སློབ་ཐོན་སློབ་མའི་གཞི་རྩའི་གནས་ཚུལ་དང་ལས་ཞུགས་ཀྱི་འདུན་པ་སོགས་ཀྱི་ཆ་འཕྲིན་གསལ་པོ་བཟོས་པ་རེད།  མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པས“གཅིག་གཏད་གཅིག”གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལོ་འདི་ག་དང་དེ་སྔ་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་213དང་སྦྲེལ་མཐུད་བྱས་པ་དང་།  ཁོའོ་རིམ་པའི་ལས་བྱེད་པས“གཅིག་གཏད་གཅིག”གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལོ་འདི་ག་དང་དེ་སྔ་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་1774ཡི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་དང་སྦྲེལ་མཐུད་བྱས་ཡོད་པ་རེད།

ཁྱིམ་ཚང་གཅིག  རྫོང(ཆུས)ཁག་གིས“‘དྲ་ཐོག་+དྲ་ཕྱིའི’མཐོ་སློབ་སློབ་ཐོན་སློབ་མའི་ཁྱིམ་ཚང”བཙུགས་ནས་མཛུབ་ཁྲིད་ཡག་པོ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་གསར་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་།  སྲིད་ཇུས་བློ་འདྲི། ལས་གནས་འབྲེལ་མཐུད། ལས་གཏོད་མཛུབ་ཁྲིད།  ལས་གཏོད་རོགས་སྐྱོར་སོགས་ཕྱོགས་ཀུན་ནས་ཞབས་འདེགས་ཞུ་རྒྱུ་རེད།  “‘དྲ་ཐོག་+དྲ་ཕྱིའི’མཐོ་སློབ་སློབ་ཐོན་སློབ་མའི་ཁྱིམ་ཚང”བཙུགས་པ་ནས་བཟུང་སྔ་རྗེས་སུ་སྐྱེ་ཁུངས་ཉིང་ཁྲི་ནས་ཡིན་པའི་ལོ་འདི་ག་དང་དེ་སྔའི་མཐོ་སློབ་སློབ་ཐོན་སློབ་མ་2000ལྷག་ཙམ་ལ་བློ་འདྲི་དང་མཛུབ་ཁྲིད་ཀྱི་ཞབས་འདེགས་སྣ་ཚོགས་ཞུས་པ་དང་མི་600ལྷག་ཙམ་ལས་ཞུགས་ཐུབ་ཡོད།

དུས་དེབ་གཅིག  དཔེ་སྟོན་ཁྲིད་སྟོན་གྱི་ནུས་པ་ཆེ་རུ་བཏང་སྟེ་སྐྱེ་ཁུངས་ཉིང་ཁྲི་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་8ཀྱི་ལས་གཏོད་སྔོན་ཐོན་བྱས་རྗེས་ལེགས་པར་སྔོག་འདོན་དང་།  ཉིང་ཁྲི་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཆེད་སྒྲིག་དུས་དེབ་རྩོམ་སྒྲིག་བྱས་ཏེ་ལོ་ལྟར་དུས་ཐེངས་གཉིས་ལ་དབྱེ་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ལས་གཏོད་དཔེ་མཚོན་མི་སྣའི་ལས་གཏོད་ཉམས་མྱོང་ངོ་སྤྲོད་ཕྱོགས་ཡོངས་དང་གཏིང་ཟབ་བྱས་པ་དང་།  པར་རིས་སྤེལ་ནས་རང་ལྗོངས་ཀྱི་ལས་གཏོད་གསར་གཏོད་ཀྱི་སྲིད་ཇུས་གསར་ཤོས་འགྲེལ་བཤད་བརྒྱབ་པ་དང་།  མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་ཕན་པའི་རྣམ་པ་ཟབ་མོ་ཞིག་རྒྱུན་མཐུད་བཏོད་དེ་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་གསར་གཏོད་ལས་གཏོད་ལ་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད།

ལམ་སྲོལ་གཅིག  ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་བཙུགས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྣེ་ཁྲིད་བྱེད་པ་དང་།  ཁོངས་མིའི་ཚན་པ་ཁག་ཁོངས་མིར་བྱས་པའི་ཡུག་གཅིག་ལ་འབྲེལ་གཏུག་བའི་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་བཙུགས་ནས་རྫོང(ཆུས)ཁག་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་།  དུས་བཀག་བརྡ་ཁྱབ་གཏོང་བ།  སྤེལ་རེས་གནས་ཚུལ་བཅས་ལ་ཕྱོགས་ཡོངས་ནས་མཛུབ་ཁྲིད་ཀྱིས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སེམས་ཁུར་བྱེད་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཞུག་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་པ་རེད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།