ཁས་ལེན་དམ་བཅའ་བཞག ཁ་བཤད་ལག་ཏུ་འཁྱོལ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-11 16:11:24

ཉི་མ་དོན་གྲུབ་ནི་1965ལོར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།  ཁྱིམ་དུ་ཕྲུ་གུ་7ཡོད་པའི་ནང་ནས་རྒན་ཤོས་ཡིན་པའི་ཁོང་རང་ལོ་ལྔ་དྲུག་ནས་བཟུང་ཕ་མ་གཉིས་དང་མཉམ་དུ་ཕྱུགས་འཚོ་བར་བསྐྱོད་ནས་སྐྱས་སྤོས་ཀྱི་འཚོ་བ་བསྐྱལ།

2010ལོར་འོ་མ་ཤང་དུ་མིང་གྲགས་ཅུང་ཟད་ལྡན་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཉི་མ་དོན་གྲུབ་གྲོང་མི་ཚོས་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས།

འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས་རྗེས་ཉི་མ་དོན་གྲུབ་ཀྱི་སེམས་ཁྲལ་ཆེ་ཤོས་ནི་ཇི་ལྟར་བྱས་ཏེ་གྲོང་མི་རྣམས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།

2012ལོར་འཆམ་གུག་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་མ་དངུལ་སྤྱད་ནས་ཇ་ཁང་ཞིག་བཙུགས་པ་དང་།  2013ལོར་སྒོར་ཁྲི་50བཏང་ནས་ཚོང་ཁང་ཞིག་བཙུགས་པར་ལོ་དང་པོ་ཁོ་ནར་ཡོང་འབབ་སྒོར་ཁྲི་20བྱུང་ཡོད།  དེ་རྗེས་གྲོང་ཚོའི་ནང་ཡང་བསྐྱར་རླངས་འཁོར་ཉམས་བཟོ་ཁང་ཞིག་བཙུགས་པ་ལ་སོགས་འཆམ་གུག་གྲོང་ཚོ་དེ་སྔར་གྱི་ཕྱོགས་རྐྱང་པའི་སྲོལ་རྒྱུན་འབྲོག་ལས་ནས་ཐོན་ལས་ཆུང་ངུ་སྣ་ཚོགས་མཉམ་གནས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་གྲོང་མི་རྣམས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་མང་དུ་སོང་ཡོད།  འོན་ཀྱང་ཉི་མ་དོན་གྲུབ་ད་དུང་ཡང་བློ་མགུ་པོ་བྱུང་མེད།  ཐོན་ལས་ཀྱི་གཞི་ཁྱོན་ཆུང་ལ་གཉེར་སྐྱོང་ཞིབ་ཚགས་མེད་པ་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་མེད་པས་གྲོང་ཚོའི་དུད་ཚང་86ཁྲོད་ད་དུང་དུད་ཚང་21དབུལ་པོའི་གནས་ལས་གྲོལ་ཐུབ་མེད་པས་རེད།

2015ལོར་འཆམ་གུག་གྲོང་ཚོར་གཏམ་བཟང་ཞིག་འབྱོར་བ་སྟེ།  ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་དང་ཞིང་འབྲོག་ཁུལ་རྒྱུན་སྲིང་འཕེལ་རྒྱས་གཏོང་ཆེད།

 མངའ་རིས་ས་ཁུལ་གྱིས་སྔོན་ལ་སྒེར་རྩེ་རྫོང་གི་འབྲོག་ཁུལ་སྒྱུར་བཅོས་བྱེད་རྒྱུའི་ཐག་བཅད་པ་དེ་རེད།  བརྟག་ཞིབ་དང་རིག་པས་ཁུངས་སྐྱེལ་ཐེངས་མང་བྱས་པ་བརྒྱུད་འཆམ་གུག་གྲོང་ཚོ་རྫོང་ཡོངས་ཀྱི་འབྲོག་ཁུལ་སྒྱུར་བཅོས་ཀྱི་ཚོད་ལྟའི་གྲོང་ཚོའི་གྲས་སུ་བཅུག

འབྲོག་ཁུལ་སྒྱུར་བཅོས་ཀྱི་ཚོད་ལྟའི་གྲོང་ཚོར་གྱུར་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་སྔ་རྗེས་སུ་འཆམ་གུག་གྲོང་ཚོའི་ལས་བྱེད་པ་ཐེངས་2སྒྲིག་འཛུགས་བྱས་ཏེ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་དང་དཔལ་མགོན་རྫོང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་མངགས།  སློབ་སྦྱོང་བྱེད་པར་ཐེངས་གཉིས་བསྐྱོད་པ་ལས་ཉི་མ་དོན་གྲུབ་ལ་བག་ཆགས་ཟབ་མོ་བྱུང་ཡོད་ལ་འཆམ་གུག་གྲོང་ཚོའི་འབྲོག་ལས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁོང་གི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་བས་བརྟན་དུ་སོང་།

“སྐབས་དེ་དུས་ང་ཚོས་སྔ་རྗེས་སུ་ཚོགས་འདུ་ཐེངས་མང་འཚོགས་ཤིང་།  ཉི་མ་དོན་གྲུབ་ཀྱིས་སྒྱུར་བཅོས་ཀྱི་བྱེད་འཐུས་རང་བཞིན་དང་ལེགས་ཆ་བཤད་དེ་ཚང་མར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད།  རང་ཉིད་ཨང་དང་པོར་མཉམ་ལས་ཁང་ལ་ཞུགས་པ་རེད།  དེ་རྗེས་ཏང་ཀྲི་པུའི་ཏང་ཡོན་ཡོངས་ཀྱིས་སྒྱུར་བཅོས་ལ་མོས་མཐུན་བྱས་པས་ཁོང་གིས་ངེས་པར་དུ་སྒྱུར་བཅོས་ཡག་པོ་བྱེད་རྒྱུའི་སེམས་ཐག་བཅད་དེ་མང་ཚོགས་ལ་ལས་དོན་སྒྲུབ་འགོ་བཙུགས་ཡོད”ཅེས་འཆམ་གུག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བུ་ཚེ་རིང་གིས་དྲན་གསོ་བྱེད་ཀྱིན་བཤད།

གྲོང་ཚོའི་ལས་བྱེད་པར་བསམ་བློའི་སློབ་གསོ་རྒྱག་པའི་ལས་དོན་ལེགས་པར་བསྒྲུབས་རྗེས།  ཉི་མ་དོན་གྲུབ་ཀྱིས་གྲོང་ཚོ་ཡོངས་ཀྱི་ཚོགས་ཆེན་ཐོག་ཚང་མར་དཔལ་འབྱོར་སྐོར་གྱི་གནས་ལུགས་ཡང་བསྐྱར་བཤད།  ཚོགས་འདུ་གྲོལ་རྗེས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་ཁྱིམ་ཚང་རེ་རེ་བཞིན་ལ་བསྐྱོད་དེ་མང་ཚོགས་དང་ངོ་འཕྲད་འབྲེལ་གཏུག་དང་སྤེལ་རེས་བྱས་ནས་ཚང་མའི་བསམ་འཆར་བསྡུ་ལེན་བྱས།  2016ལོར་གྲོང་ཚོའི་འབྲོག་པ་274ཡི་ཕྱུགས་ཟོག་དང་། ངལ་རྩོལ་ནུས་ཤུགས།  མ་དངུལ་སོགས་གཏོང་བའི་རྣམ་པར་བརྟེན་ནས་མཉམ་ལས་ཁང་ལ་ཞུགས།

ཚོད་ལྟའི་ལས་དོན་སྤེལ་ཚུན་དུ་འཆམ་གུག་གྲོང་ཚོས་ཞིང་འབྲོག་དང་། ཆུ་བེད།  དབུལ་སྐྱོར་སོགས་ཞིང་འབྲེལ་རྣམ་གྲངས་མ་དངུལ་སྒོར་ཁྲི་328བསྡུ་སྒྲིལ་གྱིས་ཚད་ལྡན་ཅན་གྱི་ཕྱུགས་ར་དང་།  ལྷས་ར།  མི་ཐབས་རྩྭ་འདེབས་སོགས་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་སྤྱད་པ་དང་འབྲོང་6ནང་འདྲེན་བྱས་ནས་རྒྱུད་པ་ལེགས་བཅོས་ལ་སྐུལ་འདེད་བཏང་བ་རེད།  གསོ་ཚགས་རྟེན་གཞིའི་འབྲི་གཡག་མགོ་གྲངས་2012ལོའི་74ནས་2017ལོའི་314བར་མང་དུ་སོང་བ་དང་།  ཞང་ཞུང་ལུག་གི་རྒྱུད་སྤེལ་དཔེ་སྟོན་ཁྱབ་གདལ་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད།  ཞང་ཞུང་གི་ལུག་403ནས་803བར་མང་དུ་སོང་ཡོད།

འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཆབས་ཅིག  ཉི་མ་དོན་གྲུབ་ཀྱིས་ད་དུང་ཐོན་ཁུངས་དང་ངལ་རྩོལ་ནུས་ཤུགས་སོགས་ལེགས་ཆར་གཞི་ཚུགས་ཏེ་སྔར་ཡོད་ཀྱི་ཆུང་ལ་ཐར་ཐོར་གྱི་འབྲི་གཡག་གསོ་ཚགས་རྟེན་གཞི་དང་།  གྲོང་ཚོའི་མཉམ་སྡེབ་ཚོང་ཁང་།  ཞིང་འཕྲུལ་ཉམས་བཟོ་ཁང་སོགས་ལེགས་བཅོས་དང་ཚད་ལྡན་དུ་བཏང་ཡོད།  རྫོང་ནོར་སྲིད་ནས་མ་དངུལ་བཏང་བ་དང་ཁག་ཐེག་བྱས་པ་བརྒྱུད།  མཉམ་ལས་ཁང་གིས་བདེ་བླག་ངང་དངུལ་བུན་སྒོར་ཁྲི་210གཡར་བའི་ཁར་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་རོགས་དངུལ་སྒོར་ཁྲི་30བསྡུ་སྒྲིལ་བྱས་ནས་བྱེ་ར་ཞིག་བཙུགས་པར་འབྲོག་པ་78བསྡུས་ཡོད།  དེ་རྗེས་འཆམ་གུག་གྲོང་ཚོས་སྔ་རྗེས་སུ་མཉམ་སྡེབ་རྣམ་པའི་ཨར་ལས་རུ་ཁག་དང་བྱེ་རྡོ་ར་བ་བཙུགས་པ་ལས་ལས་ཞུགས་གཞན་སྒྱུར་བྱས་པའི་འབྲོག་པ་རྣམས་ཐག་ཉེ་ས་དང་སྟབས་བདེ་སར་ལམ་ཁ་དང་དྲོད་ཁང་བཟོ་བའི་ལས་ལ་ཞུགས་ཡོད།  2017ལོ་ཁོ་ནར་འཆམ་གུག་གྲོང་ཚོའི་ལས་ཞུགས་གཞན་སྒྱུར་གྱི་འབྲོག་པ་རྣམས་ལ་ཡོང་འབབ་སྒོར་ཁྲི་128.26བྱུང་ཡོད།

མཉམ་ལས་ཁང་བཙུགས་པའི་ལོ་དང་པོར་གྲོང་མི་ཚོར་ཡོང་འབབ་ལྡབ་འཕར་བྱུང་བ་དང་དེའི་རྗེས་ཀྱི་ལོ་ལྟར་ཡོང་འབབ་སྒོར་1000འཕར་ཡོད།  2018ལོར་གྲོང་ཚོ་ཡོངས་ཀྱི་ཐོན་ལས་ཁག་གི་ཡོང་འབབ་བསྡོམས་གྲངས་སྒོར་ཁྲི་339ཟིན་ཡོད།

“འབྲོག་ཁུལ་སྒྱུར་བཅོས་མ་བྱས་གོང་ང་ཚོ་ནང་མི་གཉིས་གྲོང་ཚོའི་མ་མཐའི་འཚོ་བ་འགན་ལེན་དང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་ལ་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད།  སྐབས་རེ་སྤུན་མཆེད་ལའང་རྟེན་དགོས་ཀྱི་འདུག”ཅེས་གྲོང་ཚོ་དེའི་དུད་ཚང་དབུལ་པོའི་གྲོང་མི་བློ་བཟང་གིས་མྱོང་ཚོར་ཟབ་མོས་བཤད།  2017ལོར་བློ་བཟང་གི་ཁྱིམ་ལ་མར་རྒྱ་མ་50དང་ལུག་32བགོས་པ་དང་ཐོབ་ཆ་དང་དངུལ་སྨར་ཡོང་འབབ་གཞན་དག་བསྡོམས་ན་སྒོར་ཁྲི་3ལྷག་ཙམ་རག་ཡོད།

“ཏང་ཡོན་རྒན་གྲས་ཤིག་གི་ངོས་ནས།  ངས་སླད་ཕྱིན་མུ་མཐུད་མང་ཚོགས་ཀྱི་སྣེ་ཡག་པོ་ཁྲིད་དེ་འབྲོག་ལས་སྒྱུར་བཅོས་ཡག་པོ་བྱས་ནས་དེང་རབས་འབྲོག་ལས་ཀྱི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་གི་ཡིན”ཞེས་འདི་ལོ་ལོ་54ལ་སླེབས་ཤིང་ཡ་སྐྲ་དཀར་པོར་གྱུར་རུང་གྲོང་ཚོའི་འཕོ་འགྱུར་སྐོར་ཤོད་སྐབས་གྲུང་ཤ་དོད་ལ་སྐད་ཤུགས་ཆེ་བའི་ཉི་མ་དོན་གྲུབ་ཀྱིས་འདི་ལྟར་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།