ཉེ་འགྲམ་གྱི་ཚལ་ཞིང་སྔོ་སིང་སིང་། མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-11 16:11:23

ས་དགའ་རྫོང་གཞུང་རུ་ཤང་དང་རུ་གྲོང་ཚོ་ནི་འབྲོག་ལས་ཀྱི་དཔེ་མཚོན་གྲོང་ཚོ་ཞིག་ཡིན་པ་དང་།  གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་ས་གནས་དེ་གར་སྔོ་ཚལ་སྐྱེ་ཁག་པོ་ཡོད།  ཕྱི་ནས་སྔོ་ཚལ་ཉོས་ན་སོས་པ་མེད་ལ་རིན་གོང་ཡང་མཐོ་པོ་ཡོད།

“ད་ལྟ་ཡག་པོ་བྱུང་སོང་།  ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་བདེ་ཐང་བློས་འཁེལ་གྱི་སྔོ་ཚལ་བཟའ་རྒྱུ་བྱུང་ལ།  སྔོ་ཚལ་འདེབས་པའི་ལག་རྩལ་ཡང་ཤེས་པས་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་འབབ་འཕར་བྱུང”ཞེས་མང་ཚོགས་དབུལ་པོ་བསོད་ནམས་རབ་བརྟན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད།

2017ལོ་ནས་བཟུང་།  དང་རུ་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་།  མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཐད་ལ་བློ་བསྡུས་དགེ་འཚོལ་དང་ཇུས་འདོན་ཤུགས་འདོན་བྱས་ཏེ་ཐོན་ལས་དང་།  འདེབས་འཛུགས། ངལ་ནུས་ཕྱིར་གཏོང་བཅས་ལ་ཤུགས་བརྒྱབ་པ་དང་དངོས་ཕན་ཐོབ་པ་བྱས་པ་མ་ཟད།  གྲོང་ཚོ་དེའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་དང་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་།  རྫོང་དང་ཤང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་འགྱིག་ཤོག་དྲོད་ཁང་ཆེ་མོ་10བསྐྲུན་ཏེ་སྔོ་ཚལ་བཏབ་པར་བསོད་ནམས་རབ་བརྟན་དང་འདྲ་བའི་དབུལ་སྒྲོལ་ཐུབ་མེད་པའི་མང་ཚོགས་10ལས་ཞུགས་ཐུབ་ཡོད་པ་རེད།

འགྱིག་ཤོག་དྲོད་ཁང་ཆེ་མོ་སྤྱོད་འགོ་ཚུགས་མ་ཐག  དང་རུ་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ།  གྲོང་མིར་ས་ཆ་དེ་གར་གསོ་སྦྱོང་དང་མཛུབ་ཁྲིད་བྱས་པ་དང་ཁོང་ཚོས་དེ་བས་ལེགས་ལ་མྱུར་བའི་ཐོག་ནས་འགྱིག་ཤོག་དྲོད་ཁང་ཆེ་མོའི་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་རོགས་བྱས་པ་རེད།  བསོད་ནམས་རབ་བརྟན་གྱིས་འདེབས་འཛུགས་རིགས་གཅིག་མཁས་ཅན་གྱི་ལག་བརྒྱུད་སློབ་ཁྲིད་འོག་ལྗང་གསོ་དང་།  ལུད་རྒྱག་པ།  ཆུ་རྒྱག་པ་སོགས་ཀྱི་གཡོག་བྱེད་རྩལ་ནུས་ཚང་མ་མགྱོགས་མྱུར་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད།

ཟླ་3པ་ནས་བཟུང་། འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔ་རྗེས་སུ་པད་ཚལ་དང་།  ཧྲང་ཧའེ་ཆིང་། ཞོག་ཁོག  ནན་ཀྭ་སོགས་སྔོ་ཚལ་བཏབ་པ་དང་གྲོང་མིས་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད་སྐྱེ་འཚར་ཡག་པོ་བྱུང་ཡོད་ཅིང་།  མིག་སྔར་པད་ཚལ་ཐེངས་གསུམ་བཀོག་པར་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་1.28བྱུང་ཡོད་པ་རེད།  མང་ཚོགས་ཀྱི་ཉེ་འགྲམ་དུ“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་ཡོད་པས་བློས་འཁེལ་གྱི་ཚལ་བཟའ་རྒྱུ་བྱུང་བ་མ་ཟད་ཡོང་འབབ་ཀྱང་མང་དུ་སོང་ཡོད་པ་རེད།

བསོད་ནམས་རབ་བརྟན་གྱིས་སྔོ་ཚལ་བཏབ་པ་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཐུབ་ཅིང་།  ཁོང་གིས་གསར་འགོད་པར།  “གོམ་སྟབས་རྗེས་མར་ངས་སྐྱེ་འཚར་གྱི་དུས་ཚོད་ཅུང་ཐུང་བའི་དུས་ཚིགས་ཀྱི་སྔོ་ཚལ་རིགས་ཁ་ཤས་སླར་ཡང་བསྐྱར་འདེབས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགྱིག་ཤོག་དྲོད་ཁང་ཆེ་མོའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།