རང་ལྗོངས་ཀྱིས་2019ལོར་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-11 16:11:22

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་9ཉིན་གནས་ཚུལ་འབྱོར་གསལ།  ཚེས་8ཉིན་གྱི་ཕྱི་དྲོ།  རང་ལྗོངས་ཀྱིས་2019ལོར་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་ཚོགས་འདུ་འཚོགས་ཏེ་2018ལོར་ལྐོག་ཚོང་ལ་རྡུང་རྡེག་བཏང་བའི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་དུས་མཚམས་རྗེས་མའི་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ།  “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ།  ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་དང་གཏིང་ཟབ་སྤེལ་བ།  ཕྱི་རྒྱལ་གྱི་ཟོག་སྙིགས་ལྐོག་ཚོང་དང་བ་སོ་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་དང་དེའི་ཐོན་རྫས་ལྐོག་ཚོང་ལ་རྡུང་རྡེག་ནན་པོ་གཏོང་བ།  དཔྱ་ཁྲལ་དང་འབྲེལ་བའི་ཚོང་ཟོག་དང་ཞིང་ལས་ཐོན་རྫས་གལ་ཆེན་དང་མེ་མདའ་དང་། དུག་རྫས།  འཇིགས་སྐུལ།  ལྡོག་ཕྱོགས་དྲིལ་བསྒྲགས་བཅས་དང་འབྲེལ་བ་ཡོད་པའི་དངོས་རྫས་ལྐོག་ཚོང་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཕྱོཌ་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།