དུས་མཚམས་གཉིས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ལས་དོན་སྤེལ་རྒྱུར་སྐུལ་སློང་སྐུལ་ཁྲིད་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-10 11:54:04

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར།  ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དུས་མཚམས་དང་པོའི་ཕྱོགས་སྡོམ་དང་དུས་མཚམས་གཉིས་པའི་སྐུལ་སློང་སྐུལ་ཁྲིད་ཀྱི་བརྙན་ལམ་ཁ་པར་ཚོགས་འདུ་འཚོགས་ཤིང་།  དེའི་དམིགས་ཡུལ་ནི་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཚ་རླབས་འཕྱུར་བ་བྱས་ཏེ་དཔེ་མཚོན་དང་ཚད་ཤིང་ཧུར་ཐག་བཏོད་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་དེ་གསེར་རྙེད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པའི་སྒུལ་ཤུགས་ཆེན་པོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་གསོན་ཉམས་དོད་པའི་ལག་ལེན་དངོས་སུ་གྱུར་བ་བྱས་ཐོག  གསེར་རྙེད་ཀྱི་ས་གཞི་ཆེ་མོར་ཕུགས་འདུན་དོན་གཉེར་གྱི་འབད་འཐབ་དང་། དར་རྒྱས་གོང་འཕེལ།  ཁྲིམས་སྐྱོང་དང་ཁ་དན་ཚིག་གནས་ཀྱི་གསེར་རྙེད་བསྐྲུན་པ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་རྒྱུ་དེ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།  ཆུས་དེས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དྲིལ་བསྒྲགས་དམངས་ཚོགས་ཅན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མང་ཚོགས་ལམ་ཕྱོགས་ལ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་དེའི་ནང་ཞུགས་རྒྱུའི་སྤྲོ་སེམས་འཕེལ་བར་བྱེད་པ་དང་།  མང་ཚོགས་ཀྱི་ཁྲོད་ནས་བློ་གྲོས་ཀྱི་འཚོ་བཅུད་བླངས་ཏེ་མང་ཚོགས་ཞུགས་པ་དང་།  མང་ཚོགས་ཀྱིས་ཤན་འབྱེད་པ། མང་ཚོགས་གཙོ་བོར་བྱེད་པ་བཅས་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།